ལིའུ་ཁྲེང་མིང་གིས་ལྕགས་ཟམ་རྫོང་དུ་དབུལ་ཐར་འགག་སྒྲོལ་ལས་ཀར་ལྟ་སྐུལ་ཞིབ་བཤེར་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2017-10-12

      རྒྱལ་སྟོན་དུས་ཆེན་སྔོན་དུ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཚོ་ཆུང་སྣེ་ཁྲིད་དེ་ལྕགས་ཟམ་རྫོང་དུ་དབུལ་ཐར་འགག་སྒྲོལ་ལས་ཀའི་ཐད་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་གནང་སྐབས་ལྕགས་ཟམ་རྫོང་གིས་ལྟ་སྐུལ་ཞིབ་བཤེར་གྱི་བསམ་འཆར་ལྡོག་ལན་གྱི་གནད་དོན་ལ་དམིགས་ནས་སྔར་ལྷག་གིས་ལས་ཀའི་བསམ་ཕྱོགས་གསལ་པོ་དང་།འགན་འཁྲི་དོན་འཁྱོལ་ཇེ་དྲག ལས་ཀ་གཏིང་ཟབ་སྤེལ་ཚད་མཐོར་འདེགས། དབུལ་ཐར་དང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་རྒྱུའི་དམིགས་འབེན་ལས་འགན་ལ་གཞིགས་ནས་གནད་དོན་དག་བཅོས་བྱ་རྒྱུར་དམ་འཛིན་བྱས་ཏེ་ཚད་གཞི་མཐོ་ལ་སྤུས་ཀ་ལེགས་པའི་སྒོ་ནས་དབུལ་ཐར་དང་དབུལ་ཕོངས་ཞྭ་མོ་ཕུད་རྒྱུའི་ལས་འགན་གྲུབ་པར་ཁག་ཐེག་བྱེད་པ་དང་། ལྕགས་ཟམ་རྫོང་དེ་ཁུལ་ཡོངས་སུ་སྔོན་དུ་དབུལ་ཐར་ཐུབ་པ་དང་སྔོན་དུ་དབུལ་ཕོངས་ཞྭ་མོ་ཕུད་ཐུབ་པ། སྔོན་དུ་འབྱོར་འབྲིང་དུ་སྐྱོད་ཐུབ་པ་བཅས་ལ་ཁག་ཐེག་བྱ་དགོས། ཁུལ་ཡོངས་ཀྱི་དབུལ་ཐར་དང་དབུལ་ཕོངས་ཞྭ་མོ་ཕུད་པའི་དམག་འཐབ་ཐེངས་དང་པོ་རྒྱལ་ཁ་ཕུ་ཐག་ཆོད་པར་ཁག་ཐེག་བྱས་ནས་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀ་དེ་གྲུབ་འབྲས་ཐོབ་པའི་དཔེ་སྟོན་དུ་གྱུར་པ་བྱ་དགོས་ཞེས་གསུངས་པ་རེད།

      ཉིན་བཞིའི་དུས་ཚོད་ནང་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་དྲུག་དང་དཔྱད་བསྡུར་གདེང་འཇོག་ཚོ་ཆུང་གིས་ལྕགས་ཟམ་རྫོང་གི་དབུལ་ཐར་དང་དབུལ་ཕོངས་ཞྭ་མོ་ཕུད་པའི་ལས་ཀར་ཕྱོགས་གང་ཅིའི་ཐད་ནས་མཐིལ་རྟོགས་བརྟག་དཔྱད་ཐེངས་ཤིག་བྱས་པ་དང་། བསམ་འཆར་ལྡོག་ལན་ཚོགས་འདུ་འཚོགས་ཏེ་ལྟ་སྐུལ་ཞིབ་བཤེར་གྱི་གནས་ཚུལ་དེ་ལྕགས་ཟམ་རྫོང་ལ་བསམ་འཆར་ལྡོག་ལན་སྤྲད་པ་རེད།

      ལིའུ་ཁྲེང་མིང་གིས་བསམ་འཆར་ལྡོག་ལན་སྤྲོད་པའི་ཚོགས་འདུའི་ཐོག་གསུངས་དོན། ཚོ་ཆུང་སོ་སོས་བསམ་འཆར་ལྡོག་ལན་སྤྲད་པའི་གནས་ཚུལ་ལ་ལྟ་ན་ལྕགས་ཟམ་རྫོང་གི་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རྣམ་པ་བཟང་པོ་ཡིན་ཞིང་། དབུལ་ཐར་དང་དབུལ་ཕོངས་ཞྭ་མོ་ཕུད་པའི་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཡིན་ཞིང་། སྤྱི་ཁོག་ཐོག་ནས་བཤད་ན་ཚད་ཐོག་སླེབས་ནས་སྲ་བརྟན་མཐོར་འདེགས་གཏོང་བའི་དུས་རིམ་དུ་སླེབས་པ་རེད།

      ལིའུ་ཁྲེང་མིང་གིས་ཐུགས་རེ་གནང་དོན། ལྕགས་ཟམ་རྫོང་གིས་ལོ་འཁོར་གྱི་དབུལ་ཐར་དམིགས་འབེན་ལས་འགན་ལ་ཤན་སྦྱར་བྱས་ནས་གནད་འགག་ཞན་སར་འཚོལ་ཞིབ་ཏན་ཏིག་བྱས་ཏེ་དབུལ་སྐྱོར་གནད་སྨིན་གྱི་ལས་ཀ་ཁག་ཡག་མོ་འཛིན་དགོས། གཅིག་ནི་ཆབ་སྲིད་ལངས་གནས་མཐོ་རུ་བཏང་སྟེ་ཚད་གཞི་མཐོ་ལ་སྤུས་ཚད་ཡག་པོའི་སྒོ་ནས་དབུལ་ཐར་ལས་འགན་གྲུབ་པ་བྱ་དགོས། གཉིས་ནི་སྲིད་ཇུས་ཀྱི་གོ་སྐབས་བཟང་པོ་དམ་དུ་འཛིན་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏང་དགོས། གསུམ་ནི་དབུལ་ཐར་དམིགས་འབེན་ལ་དམིགས་ནས་དག་ཐེར་བཅོས་སྐྱོང་དམིགས་ཚད་ཐོག་སླེབས་པ་བྱ་དགོས། བཞི་ནི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཁས་ལེན་ཚད་ཇེ་དྲག་ཏུ་གཏང་དགོས། ལྔ་ནི་ཕྱོགས་གང་ཅིའི་ནུས་ཤུགས་སྙོམས་སྒྲིག་བྱས་ཏེ་ལས་གཞིའི་མ་དངུལ་བེད་སྤྱོད་བྱེད་ཚད་མཐོ་རུ་གཏང་དགོས། དྲུག་ནི་འགན་འཁྲི་དོན་འཁྱོལ་ཇེ་དྲག་ཏུ་བཏང་སྟེ་དབུལ་ཐར་དང་དབུལ་ཕོངས་ཞྭ་མོ་ཕུད་རྒྱུའི་ལས་འགན་ལེགས་སུ་གྲུབ་པ་བྱ་དགོས།།


  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་ཡིས་འདབ་པ་རྫོང་དུ་གྲོང་ཁྱེར་འཛུགས་སྐྲུན་ཐད་བརྟག་དཔྱད་ཞིབ་འཇུག་གནང་།
  • ལེ་ཚན་རྗེས་མ།:ཕྱག་ཕྲེང་བོད་ཁང་དཀར་པོའི་སྲུང་སྐྱོང་སྐོར་གྱི་བགྲོ་གླེང་ཚོགས་འདུ།
  • དོ་སྣང་ཆེ་བའི་རྩོམ།