གནས་མཆོག་དཀར་མཛེས་ཀྱི2017ལོའི་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཀོང་ཀྲོའུ་རུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2017-09-25

     ཉེ་ཆར། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱེད་པ་དང་དཀར་མཛེས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་སྒྲུབ་འགན་འཁུར་བ། ཀོང་ཏུང་ཞིང་ཆེན་ཡུལ་སྐོར་ཅུས།  ཀོང་ཏུང་ཞིང་ཆེན་སི་ཁྲོན་རོགས་སྐྱོར་མདུན་ཕྱོགས་ལས་སྒྲུབ་ཚོ་ཆུང་།  ཀོང་ཀྲོའུ་གྲོང་ཁྱེར་ཡུལ་སྐོར་མཐུན་ཚོགས་ཀྱིས་རྒྱབ་སྐྱོར་བྱས་པའི2017ལོའི་སི་ཁྲོན་དཀར་མཛེས་ཀྱི་ཡུལ་སྐོར་ཆེད་དོན་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་དེ་ཀོང་ཏུང་གི་ཡུལ་སྐོར་ཚོང་ཟོག་འགྲེམས་ཚོགས་རིང་ཀོང་ཀྲོའུ་རུ་འཚོགས་པ་རེད།

     ཐེངས་འདིར་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི་ཀོང་ཏུང་གིས་ཁ་གཏད་རོགས་སྐྱོར་བྱས་པར་བརྒྱུད།   ཁྱད་ཆོས་ལྡན་པའི་རང་བྱུང་གི་རིག་གནས་སྣ་ཚོགས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་དང་།  སྲུང་སྐྱོང་དང་གསར་སྤེལ་གཏང་རྒྱུ་གཉིས་ཀར་མཐོང་ཆེན་བྱ་རྒྱུར་རྒྱུན་འཁྱོངས་བྱས་ཏེ་ཡུལ་སྐོར་གྱི་འབྲེལ་ཡོད་སྒྲིག་བཀོད་འཐུས་ཚང་གཏོང་བ་དང་།  རིག་གནས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཤིང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏང་དགོས་པར་མ་ཟད།  ཀོང་ཏུང་གི་ཡུལ་སྐོར་ཚོང་ཟོག་འགྲེམས་ཚོགས་ལ་བརྟེན་ནས་དཀར་མཛེས་ཀྱི་ཡུལ་སྐོར་མཚན་སྙན་དང་ཤུགས་རྐྱེན་སྔར་བས་མཐོ་རུ་གཏང་རྒྱུར་སྐུལ་འདེད་བཏང་སྟེ།  རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་སྔ་ཙམ་སྐྲུན་ཆེད་འབད་བརྩོན་བྱ་དགོས་པ་རེད།།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་ལས་ཀར་གྲུབ་འབྲས་ལེགས་པོ་ཐོབ།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་སྐབས་དང་པོའི་ཆེས་ཡག་པའི་སྐྱེ་ཁམས་ནགས་སྐྱོང་པ་དཔྱད་འདེམས་བྱེད་པར་མིའི་ཐེངས་གྲངས་ཁྲི90ལྷག་གིས་དོ་ཁུར་བྱས།
  • དོ་སྣང་ཆེ་བའི་རྩོམ།