ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད།

མཁས་གྲུབ་ཀྱིས།        2017-09-22

ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད།


སྡེ་དགེ་རྫོང་གིས་རིག་གནས་སློབ་གསོའི་བྱ་གཞག་གོང་དུ་སྤེལ།

     སྤྱི་ཟླ་དགུ་པའི་ཉི་འོད་རབ་ཏུ་འཚེར་ཞིང་། གསར་འགོད་པས་གསེར་ཆུ་འགྲམ་གྱི་ཁྲོམ་གཞུང་ནས་དལ་བུར་སྡེ་དགེ་རྫོང་གྲོང་ཁུལ་གྱི་ཆ་ཚང་སློབ་ཆུང་གཉིས་པ་རུ་སོང་བ་ན་སློབ་གསོའི་ཁྱད་ཆོས་ལྡན་ཞིང་མཛེས་སྡུག་གི་ལེའུ་གསར་པ་ཞིག་གིས་ཡིད་སྨོན་རབ་ཏུ་འཆོར།

    མིག་སྔར། རྫོང་ཡོངས་སུ་སློབ་གྲྭ་ཆུང་འབྲིང46ཡོད་པ་དང་། དེ་དག་ལས་དམའ་རིམ་སློབ་འབྲིང2དང་སློབ་ཆུང34  བུ་བཅོལ་ཁང10བཅས་ཡོད་པ་རེད། སློབ་གྲྭ་ཡོངས་སུ་སློབ་མ10237ཡོད་པ་ལས་དམའ་འབྲིང་སློབ་མ1359དང་། སློབ་ཆུང་སློབ་མ7690  བུ་བཅོལ་ཁང་གི་བྱིས་པ1188ཡོད་པ་དང་། དགེ་རྒན་དང་ལས་བཟོ738བཅས་ཡོད་པ་རེད།

 ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད།

     2003ལོ་ནས2010ལོའི་བར་སྡེ་དགེ་རྫོང་གིས་སྔ་རྗེས་སུ་དམའ་རིམ་སློབ་གསོ་ཁྱབ་གདལ་དུ་བཏང་བས་གཞོན་དར་ཕལ་ཆེར་གྱི་ཡིག་རྨོངས་སེལ་བ་དང་། གཞི་རྩ་གཉིས་ཀྱི་འགག་སྒྲོལ་ལས་འགན་ལེགས་གྲུབ་བྱུང་བས་མང་ཚོགས་ཀྱིས་ཀྱང་ཤེས་རིག་སྦྱོང་བའི་གལ་ཆེའི་རང་བཞིན་གཞི་ནས་ཤེས་པ་དང་། རང་འགུལ་གྱིས་ཕྲུ་གུ་སློབ་གྲྭར་བསྐྱལ་ཞིང་ཕྲུ་གུ་ཚོས་ཀྱང་སློབ་རའི་ནང་ནས་ཡ་རབས་དང་མཛའ་བརྩེ། དྲིན་ཤེས་ཀྱི་བསམ་འདུ་ཆགས་ཏེ་སློབ་སྦྱོང་ལ་བརྩོན་པ་བྱེད་བཞིན་ཡོད། 

     སྡེ་དགེ་ནི་བོད་ཀྱི་རིག་གནས་ཀྱི་འབྱུང་གནས་གཙོ་བོ་ཞིག་ཡིན་ལ། མི་རིགས་རང་གི་ཁྱད་འཕགས་ཀྱི་རིག་གནས་རྒྱུན་འཛིན་དང་གོང་སྤེལ་གཏོང་ཆེད། ཆ་ཚང་སློབ་ཆུང་གཉིས་པས་སྔ་གཞུག་ཏུ་གླིང་སྒྲུང་འཛིན་གྲྭ་དང་ཡིག་གཟུགས་འཛིན་གྲྭ། སྙན་ངག་གྱེར་འདོན་གྱི་འཛིན་གྲྭ་སོགས་བཙུགས་པ་རེད།

     ཆ་ཚང་སློབ་ཆུང་གཉིས་པས་ད་དུང་སློབ་མའི་ཀུན་སྤྱོད་སློབ་གསོའི་ཐད་ནས་ཕྲུ་གུ་ཚོའི་གཏམ་སྤྱོད་དང་གཤིས་སྤྱོད་སོགས་རགས་པ་ནས་ཟབ་པ་དང་། རིམ་བགྲོད་གོང་འཕེལ་གྱིས་སློབ་གྲྭའི་གདམ་ཚིག་ནན་མོར་གོ་རྟོགས་བྱས་ནས་རིག་གནས་དང་གཏམ་སྤྱོད། འཚོ་བའི་གོམས་གཤིས་སོགས་ཕྱོགས་གང་ཐད་ནས་ཁྲིད་སྟོན་ནན་པོ་བྱས་ཏེ་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་པ་བཟང་པོ་ཞིག་ཏུ་བསྐྱང་བར་ཧུར་གྱིས་གཞོལ་བཞིན་ཡོད།

 

ཕྱག་ཕྲེང་རྫོང་གིས་འགྲིམ་འགྲུལ་འཛུགས་སྐྲུན་དམ་འཛིན་བྱས་ནས་གནད་སྨིན་དབུལ་སྐྱོར་ལ་ཤེད་ཤུགས་བསྣན།

 ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད།

     ཕྱག་ཕྲེང་རྫོང་མཁར་དང་བར་ཐག་སྤྱི་ལེ30ལྷག་ཡོད་པའི་ས་གོང་ཤང་གྲོང་མཛེ་གྲོང་སྡེར་ད་ལམ་སྣུམ་ཤིག་ཤིག་གི་གཞུང་ལམ་བདེ་མོ་ཞིག་བསྐྲུན་ཚར་བ་རེད། དུད་ཚང་ཁྱོན་བསྡོམས30ལྷག་དང་མི་གྲངས223ཡོད་པའི་གྲོང་སྡེ་ཆུང་ཆུང་དེའི་ཡོང་འབབ་ཕལ་ཆེར་ཤ་མོ་དང་དབྱར་རྩྭ་དགུན་འབུར་བརྟེན་དགོས་པས་སྔོན་ཆད་གྲོང་ཚོ་ནས་ཕྱིར་བགྲོད་པར་འགྲོ་ལམ་མི་བདེ་བས་དགུན་ཁར་ཐལ་རྡུལ་གྱིས་གང་བ་དང་དབྱར་ཀར་འདམ་རྫབ་ཀྱིས་གོས་པས་འགྲོ་འོང་གི་དཀའ་ངལ་ཧ་ཅང་ཆེ་བ་རེད།

 ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད།

     དེ་ལྟར་གྲོང་མཛེ་གྲོང་སྡེ་བ་ལྟ་བུའི་གྲོང་གསེབ་ཡོངས་ཀྱི་འགྲོ་ལམ་མི་བདེ་བའི་གནད་དོན་ཐག་གཅོད་བྱ་ཆེད་ཕྱག་ཕྲེང་རྫོང་གིས་ཧུར་ཐག་གིས་རྫོང་ཡོངས་ཀྱི་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། མིག་སྔའི་བར་རིམ་རྩིས་བྱས་ན། འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར2གཏོང་འཇོག་བྱས་ནས་རྫོང་ཡོངས་ཀྱི་ཤང12དང་སྲིད་འཛིན་གྲོང་ཚོ89ཡི་གྲོང་ཚོར་གཞུང་ལམ་འཛུགས་སྐྲུན་བྱས་ཤིང་། སྤྱིའི་ལམ་ཚད་སྤྱི་ལེ600ཙམ་ལ་ཟིན་སྟབས་མི་སེར་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བ་བཅས་ཕྱོགས་གང་ཐད་ནས་ཕན་འབྲས་ཆེན་པོ་ཐོབ་པ་རེད།


  • ལེ་ཚན་སྔོན་མ།:ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་གྱི་ལྷ་མོ་ཟློས་གར་གསར་གཏོད་འཕེལ་རྒྱས་གཏོང་བའི་བགྲོ་གླེང་ཚོགས་འདུ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།