ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད།

མཁས་གྲུབ་དང་ཨོ་རྒྱན། བདེ་ཆེན་བཅས་ཀྱིས།        2017-09-21


ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད།

སྡེ་རོང་རྫོང་གིས་ཐོན་ལས་དབུལ་སྐྱོར་གྱིས་མང་ཚོགས་ཀྱི་འཚོ་བར་བདེ་སྐྱིད་བསྐྲུན།

     ནམ་ཟླ་སྟོན་ཀའི་ཕྱི་དྲོ་ཞིག་ལ།  སྡེ་རོང་རྫོང་ཆུ་གཡར་སྒང་ཤང་གཡས་མདོ་གྲོང་ཚོའི་གྲོང་མི་ཚོ་རྒུན་འབྲུམ་གྱི་ལོ་ལེགས་བྱུང་བས་བདེ་སྐྱིད་ལྡན་པའི་ཞིང་གྲོང་གི་འཚོ་བ་རོལ་བཞིན་ཡོད། རྒུན་འབྲུམ་ཆུང་ཆུང་དེ་ནི་གྲོང་ཚོ་འདིའི་གཟི་བརྗིད་ཡིན་པར་མ་ཟད་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་དག་དབུལ་ཐར་གྱིདངུལ་ཁུགཀྱང་ཡིན།

     ཆུ་གཡར་སྒང་ཤང་གིས་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་བཏང་སྟེ་དུད་ཚང247ལ་ཕན་འབྲས་མངོན་གསལ་དུ་ཐོབ་ཡོད་ལ། ལོ་གཅིག་གི་རིང་ལ་དེའི་ནང་དབུལ་པོའི་ཁྱིམ་ཚང54དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པ་རེད།  རྒུན་འབྲུམ་གྱི་མུའུ་རེར་ལ་ལོ་གཅིག་གི་ཡོང་འབབ་སྒོར8000ཟིན  ས་ཆ་འདི་ཡི་ཁྱད་ཆོས་དང་དགེ་མཚན་ལྡན་པར་སྔོག་འདོན་བྱས་ཤིང་ཡུལ་བབ་དང་བསྟུན་ཏེ་ཐོན་ལས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་བྱས་པས། ཁྲི་ཞ་ཀྲུའུ་རྒུན་འབྲུམ་དྲོད་ཁང་གི་རྒུན་འབྲུམ་འདེབས་འཛུགས་བྱས་ནས་འབྲས་བུ་སྨིན་རྗེས་མང་ཚོགས་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད། རྒུན་འབྲུམ་ཁྲོམ་དུ་བཙོང་ཚེ་སྤྱི་རྒྱ་རེར་སྒོར6རག་པ་དང་། གྲོང་མི་འཇམ་པས་རྒུན་འབྲུམ་སྨིན་ན་ལམ་འགྲམ་དང་ཚོང་ར་ནས་འཚོང་པ་ཡིན་ལ། དཀའ་ལས་ཆེན་པོ་འདུག་ཀྱང་ཡོང་འབབ་ཡོད་པས་སེམས་སྐྱིད་པོ་རེད་ཅེས་བཤད།  ཉི་མ་ལུང་པའི་རྒུན་འབྲུམ་སྨིན་ནས་ལོ་ལེགས་བྱུང་དུས་གྲོང་མི་ཚོའི་གདོང་ན་དགའ་བའི་འཛུམ་མདངས་དང་རེ་བའི་དགོད་སྒྲས་ཁྱབ་ཀྱི་ཡོད་པ་རེད།ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད།


དཔལ་ཡུལ་རྫོང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་རིམ་པ་སྤར་ནས་གྲོང་གསེབ་ཀྱི་རྣམ་པ་ལེགས་པོ་བྱེད།

ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད།

     གྲོང་ཁྱེར་གྱི་རྣམ་པ་བསྒྱུར་བཀོད་བྱས་པ་ནི་ཁོར་ཡུག་ཇེ་ལེགས་སུ་བཏང་བ་གཅིག་པུ་མ་ཡིན་པར་མི་དམངས་ཀྱི་འཚོ་བ་སྐྱིད་པོ་རོལ་བར་རེ་བ་གསར་བ་ཞིག་འདྲེན་ཡོད་ལ། ས་གནས་རང་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་ཀྱང་ཐོན་ཡོད་པ་དེའོ།།

     ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད་པའི་གསར་འགོད་རུ་ཁག་དཔལ་ཡུལ་རྫོང་དུ་འབྱོར། ལོ་ལྔའི་རིང་ལ་དཔལ་ཡུལ་རྫོང་མཁར་གྱི་ཁོར་ཡུག་གི་རྣམ་པ་བཅོས་བསྒྱུར་དང་གྲོང་ཁུལ་དང་གྲོང་རྡལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཤིང་། གྲོང་རྡལ་དང་ཡུལ་ཤོག་གི་རྣམ་པ་ལེགས་བཅོས་དང་རིམ་པ་སྤར་བ་དེས་རྫོང་ཡོངས་ཀྱི་མི་དམངས་ལ་སྔ་ན་མེད་པའི་བདེ་སྐྱིད་རེ་སྟེར་ཡོད་པ་མཚོན་འདུག

     དཔལ་ཡུལ་རྫོང་གིས་རྫོང་མཁར་སྟོབས་ཆེར་གཏོང་བ་དང་། ཡུལ་ཤོག་དང་གྲོང་རྡལ་མཛེས་པར་བསྐྲུན་པ། གྲོང་ཚོ་ལེགས་པར་བསྐྲུན་པའི་ཁ་ཕྱོགས་ལ་བརྟེན་ནས།མང་ཚོགས་ལ་བདེ་སྐྱིད་ཐོབ་པ་དང་མི་སེར་འབྱོར་ལྡན་དུ་གཏང་བ་དམིགས་ཡུལ་དུ་བཟུང་སྟེ་མུ་མཐུད་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་འཆར་འགོད་དང་ཆ་སྒྲིག་གི་ནུས་པ།  ལྕོག་ཚད་ཀྱི་ནུས་པ།  འཇིབ་རྔུབ་ཀྱི་ནུས་པ། ཡུལ་ལྗོངས་ཀྱི་ཁྱད་ཆོས། བདག་སྐྱོང་གི་ཁྱད་ཆོས་དང་དཔལ་ཡོན་གྱི་བྱང་ཚད་བཅས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་ལ། གྲོང་ཁྱེར་དང་གྲོང་རྡལ་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མུ་མཐུད་དེ་གྲོང་ཁྱེར་ཀྱི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་དང་འཐུས་ཚང་བྱས་ནས་རྫོང་མཁར་གྱི་འགྲིམ་འགྲུལ་དྲ་བ་ཇེ་ལེགས་སུ་བཏང་ཡོད་པ་རེད།

ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད།

     དཔལ་ཡུལ་རྫོང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཡེ་ཧྥེས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་གཉིས་ཀྱི་རིང་ལ་དཔལ་ཡུལ་རྫོང་གི་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྨང་གཞི་སྒྲིག་ཆས་མཐོར་འདེགས་སུ་བཏང་ཞིང་།འགྲིམ་འགྲུལ་འགྲོ་ལམ། ཟམ་པ། གྲོང་ཁྱེར་གྱི་ཆུ་འབུད་ལམ།  གསལ་ཆ་སོགས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་ལེགས་བཅོས་དང་འཕེལ་རྒྱས་བཟང་དུ་སོང་ཡོད་པས་མ་ཚད། དཔལ་ཡུལ་རྫོང་མཁར་གྱི་རྣམ་པ་ཇེ་ལེགས་སུ་སོང་བ་དང་གྲོང་ཁྱེར་དུ་ཡོད་པའི་ཞིང་འབྲོག་གི་སྡོད་དམངས་དག་སྟབས་བདེ་བསྐྲུན་ཡོད་པ་རེད།  མ་འོངས་པར་དཔལ་ཡུལ་རྫོང་འཛུགས་སྐྲུན་ཅུས་ཀྱིས་མུ་མཐུད་དུ་གྲོང་ཁྱེར་འཛུགས་སྐྲུན་གྱི་ཐད་ལ་མ་དངུལ་འབོར་ཆེན་བཏང་ནས་དཔལ་ཡུལ་རྫོང་མཁར་འདི་ཉིད་མཐོ་སྒང་གི་གྲོང་ཁྱེར་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།



རོང་བྲག་རྫོང་གིས་གྲོང་ཚོར་འཁོར་ལོའི་རིགས་ཤར་གཏོང་ཐུབ་པའི་གཞུང་ལམ་ཧུར་གྱིས་བསྐྲུན།

     གསར་འགོད་པ་རྣམས་རོང་བྲག་རྫོང་ཡོད་ཟ་ཤང་ཁང་བ་ཟང་གྲོང་ཚོར་སླེབས་པ་དང་། གྲོང་ཚོའི་ཀྲུའུ་རེན་ཝང་ཀུའེ་ཧུང་གིས་བཤད་རྒྱུར། ན་ལོའི་ཟླ9པའི་ཚེས2ཉིན་ནས་ལས་མཇུག་བསྒྲིལ་བའི་གྲོང་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ4.6ཡོད་པ་དང་། མ་དངུལ་སྒོར་ཁྲི193བཏང་བ་རེད། སྔོན་མར་གཞུང་ལམ་འདི་མེད་དུས་ཡུལ་མི་རྣམས་བྲག་རི་དང་ཚེར་ནགས་འདི་ལས་རྐང་ཐང་དུ་འགྲོ་དགོས་པ་དང་། འགྲོ་འོང་ཐེངས་གཅིག་ལ་ཕལ་ཆེར་ཆུ་ཚོད་གསུམ་བཞི་འགོར་གྱི་ཡོད། གྲོང་ཚོར་སྒོ་ཕྱུགས་སོགས་མེད་པས་ཅ་ལག་ཡོད་ཚད་མིས་སྒལ་པར་འཁུར་བ་དང་། བྱིས་པ་སློབ་གྲྭར་འགྲོ་བ་སོགས་གང་ཅི་ཐད་ནས་དཀའ་ངལ་ཆེན་པོ་ཡོད་པ་རེད།

ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད།

     ན་ནིང་ནས་ཨར་འདམ་ལམ་བཟོ་བསྐྲུན་བྱས་ཤིང་རླངས་འཁོར་ཤར་གཏོང་ཐུབ་རྗེས། གྲོང་ཚོ་རུ་རྒྱ་ཆེ་ལ་ཁ་གསལ་བའི་གྲོང་ཚོའི་བྱེད་སྒོ་ཁང་བསྐྲུན་པ་དང་། ཞིང་དུད་ཀྱི་དཔེ་ཁང་དང་འཕྲོད་བསྟེན་ཁང་། རྒྱང་བསྒྲགས་ཁང་སོགས་བསྐྲུན་པར་མ་ཟད། ཆུ་འདྲེན་ལྕགས་སྦུག་བསྐྱར་བཟོས་བྱས་པ་དང་། གློག་སྐུད་སྐུད་ལམ་བསྒྱུར་བཀོད་བྱས་པ།ཉི་ནུས་ལམ་སྒྲོན་སོགས་བསྐྲུན་པ་རེད།

     རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་ཚུན་དུ་རྫོང་ཡོངས་ཀྱི་འགྲིམ་འགྲུལ་རྨང་གཞིའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར2གཏོང་འཇོག་བྱས་པ་དང་། འཁོར་ལོའི་རིགས་ཤར་གཏོང་ཐུབ་པའི་གྲོང་བགྲོང་གཞུང་ལམ177དང་སྤྱི་ལེ1400ལྷག་ལ་ཟིན་པ་རེད། རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི4ལ་ཡིད་ཆེས་ཀྱིས་ཁེངས་པ་དང་འབྱོར་འབྲིང་གི་ལམ་དུ་སྐྱོད་བཞིན་ཡོད་པ་རེད།



དར་མདོའི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རྣམ་པ་ཕུན་སུམ་ཚོགས།

ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2009ལོའི་ཟླ3པ་ནས་དར་མདོ་གྲོང་ཁྱེར་གྱིས་གྲོང་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་ཐུབ་པར་བྱས་ཤིང་། 2015ལོ་ནས་གྲོང་རྡལ་དང་ཡུལ་ཤོག་ཏུ་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་ཐུབ་པ་སྟེ། དར་མདོ་ནས་ལྷ་སྒང་དང་། དར་མདོ་ནས་ས་བདེ། དར་མདོ་ནས་མཁར་བཙན་གྱི་ལམ་ཐིག་གསུམ་དུ་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱས་ནས་ཡུལ་ཤོག་དང་གྲོང་རྡལ17ལ་ཡོངས་སུ་ཁྱབ་པ་དང་། ཁྱབ་ཚད་བརྒྱ་ཆའི85ལ་ཟིན་ཡོད། 2016ལོར་དར་མདོའི་གྲོང་ཁུལ་དང་ཡུལ་ཤོག་སོགས་སུ་སྤྱི་སྤྱོད་རླངས་འཁོར་གཏོང་བའི་ཐེངས་གྲངས4800ལྷག་ལ་ཟིན་པ་དང་། སྐྱེལ་འདྲེན་གྱི་འགྲུལ་པ་མིའི་ཐེངས་གྲངས་ཁྲི6ལྷག་ལ་ཟིན་པ་རེད།


  • ལེ་ཚན་སྔོན་མ།: འབད་བརྩོན་ཧུར་ཐག་བྱས་ཏེ་འགག་སྒྲོལ་ལས་ཀའི་འགན་འཁྲི་ཕྲག་ཏུ་ཁུར།
  • ལེ་ཚན་རྗེས་མ།:ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད།
  • དོ་སྣང་ཆེ་བའི་རྩོམ།