ལི་ཐང་རྫོང་ལ་མི་ཚང་མས་བེད་སྤྱོད་གཏོང་ཆོག་པའི་ཁྲོམ་འཇོག་རྐང་འཁོར་ཡོད་པ་རེད།

        2017-09-11

     ཉེ་ཆར། ལི་ཐང་རྫོང་གིས་གེ་སར་ཐང་ཆེན་དུ་མི་ཚང་མས་བེད་སྤྱོད་གཏོང་ཆོག་པའི་རྐང་འཁོར་ཁྲོམ་འཇོག་བྱེད་པའི་མཛད་སྒོ་སྤེལ་བ་རེད། དེའི་ཐོག་ནས་རྫོང་དེ་འབྱུང་འཕྲོད་རིག་ནུས་ཅན་གྱི་ཡུལ་སྐོར་གྲོང་ཁྱེར་གྱི་ཕྱོགས་སུ་གོམ་ཁ་བསྒྱུར་ཐུབ་པར་མཚོན་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། མི་ཚང་མས་བེད་སྤྱོད་གཏོང་ཆོག་པའི་རྐང་འཁོར་ནི་ལི་ཐང་རྫོང་གིས་མང་ཚོགས་ལ་སྟབས་བདེར་སྤྲོད་པའི་ཆེད་དུ་ཉོས་པ་རེད། ཐེངས་འདིར་མི་ཚང་མས་བེད་སྤྱོད་གཏོང་ཆོག་པའི་རྐང་འཁོར300ཁྲོམ་འཇོག་བྱས་ཡོད་པ་དང་། རྫོང་གྲོང་དུ་རྐང་འཁོར་འཇོག་ས27བཙུགས་ནས་རྫོང་གྲོང་དང་མཐའ་སྐོར་གྱི་ཤང་དང་གྲོང་རྡལ་ལ་ཁེབས་པ་རེད། རྐང་འཁོར་བཞོན་པར་དགའ་བའི་ཚེ་རིང་བསོད་ནམ་གྱིས་དགའ་སྤྲོའི་ངང་མི་ཚང་མས་སྤྱོད་ཆོག་པའི་རྐང་འཁོར་འདི་ཡོད་རྗེས་ང་ཚོ་ཕྱིར་ལས་ཀ་སྒྲུབ་ས་འགྲོ་དགོས་ན་ཧ་ཅང་སྟབས་བདེ་བ་རེད། ལུས་པོར་སྦྱོང་བརྡར་བྱེད་ཐུབ་པར་མ་ཟད་ཁོར་ཡུག་ཀྱང་སྲུང་སྐྱོང་བྱེད་ཐུབ་པ་རེད་ཅེས་བཤད། ཁྲེང་ཏུའུ་ནས་འོངས་པའི་ཡུལ་སྐོར་བ་སྐུ་ཞབས་ལིའུ་ལགས་ཀྱིས་ཧ་ལས་པའི་ངང་རྒྱང་རིང་མཐོ་སྒང་གི་གྲོང་ཆུང་དུའང་མི་ཚང་མས་སྤྱོད་ཆོག་པའི་རྐང་འཁོར་འདི་ཡོད་པ་ནི་བསམ་ཡུལ་ལ་འདས་པ་ཞིག་རེད། ང་ཚོ་ཡུལ་སྐོར་བར་ཆ་བཞག་ན་ཧ་ཅང་སྟབས་བདེ་མོ་ཞིག་རེད། རྐང་འཁོར་བཞོན་ནས་སྣང་བ་སྐྱིད་པོའི་ངང་གྲོང་ཁྱེར་དང་མཐའ་སྐོར་གྱི་མཛེས་ལྗོངས་ལྟ་སར་འགྲོ་ཆོག་པ་དང་བོད་ཁུལ་གྱི་ཡུལ་སྲོལ་གོམས་འདྲིས་ལའང་མྱོང་ཚོར་བྱེད་ཆོག་པ་རེད་ཅེས་བཤད།

  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་དར་མདོ་གྲོང་ཁྱེར་དུ་དགེ་རྒན་ལ་འཚམས་འདྲི་གནང་།
  • ལེ་ཚན་རྗེས་མ།:སྐྱེ་ཁམས་སྔོན་སྤེལ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་ཞིབ་བཤེར་གནད་དོན་དག་བཅོས་ཡག་མོ་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།