ལིའུ་ཁྲེང་མིང་གིས་དར་མདོ་གྲོང་ཁྱེར་དུ་དགེ་རྒན་ལ་འཚམས་འདྲི་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2017-09-08

   ཟླ་བ9པའི་ཚེས7ཉིན།  ཐེངས33པའི་དགེ་རྒན་དུས་ཆེན་ཤར་ལ་ཉེ་བའི་སྐབས་སུ།  དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཆེད་དུ་དཀར་མཛེས་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་།  དར་མདོ་གྲོང་ཁྱེར་གྱི་ཚོད་ལྟའི་སློབ་ཆུང་།  དར་མདོའི་སློབ་འབྲིང་སོགས་སུ་ཕེབས་ནས་མི་དམངས་ཀྱི་དགེ་རྒན་ལ་འཚམས་འདྲི་ཞུས་པར་མ་ཟད་ཞུ་རྟེན་དངོས་རྫས་ཀྱང་གནང་བ་རེད།   ཁོང་གིས་དགེ་རྒན་ཚོས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ཁྱད་པར་དུ་མི་རིགས་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུ་བ་རེད།   ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན།  ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོའི་བྱས་ཟིན་པའི་དགེ་རྒན། ལས་བཟོ་ཚོར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།།

  • ལེ་ཚན་སྔོན་མ།:ཉག་རོང་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དབུལ་ཕོངས་སློབ་མར་སློབ་ཞུགས་རོགས་སྐྱོར་སྒོར་ཁྲི4.7བྱིན།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་ལ་མི་ཚང་མས་བེད་སྤྱོད་གཏོང་ཆོག་པའི་ཁྲོམ་འཇོག་རྐང་འཁོར་ཡོད་པ་རེད།
  • དོ་སྣང་ཆེ་བའི་རྩོམ།