རང་ཁུལ་གྱིས་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་མི་རེར་ཟླ་རེར་སྒོར45སྤར།

བདེ་སྐྱིད་ཀྱིས་བྲིས།        2017-09-07

   ཉེ་ཆར། རང་ཁུལ་གྱིས2017ལོའི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོའི་འཚོ་དངུལ་ལེགས་སྒྲིག་བྱས་པ་རེད།  ཐེངས་འདིའི་གཞི་རྩའི་རྒན་གསོའི་འཚོ་དངུལ་ལེགས་སྒྲིག་གི་ཁྱབ་ཁོངས་ནི2016ལོའི་ཟླ་བ12པའི་ཚེས31སྔོན་ལ་ལས་འཁྱུར་ངལ་གསོའི﹙ལས་ཞབས་དགོངས་ཞུ། ﹚ཞིབ་བཤེར་ཆོག་མཆན་འགོད་པའི་གཏན་འབེབས་བཟོ་པའི་མི་སྣ་མ་ཟད་ཟླ་རེ་བཞིན་རྒན་གསོའི་འཚོ་དངུལ་བླང་རྒྱུ་ཡོད་པའི་ལས་འཁྱུར་ངལ་གསོའི﹙ལས་ཞབས་དགོངས་ཞུ། ﹚མི་སྣ་ཡིན་པ་རེད།   གོང་གི་ཆ་རྐྱེན་དང་མཐུན་པ་དང་འོན་ཀྱང2016ལོའི་ཟླ་བ12པའི་ཚེས31སྔོན་ལ་ཚེ་ལས་འདས་པའམ་ཡང་ན་རྒན་གསོའི་འགན་བཅོལ་འབྲེལ་བ་མཚམས་འཇོག་བྱས་པའི་ལས་འཁྱུར﹙ལས་ཞབས་དགོངས་ཞུ།﹚མི་སྣ་ཕུད་པ།  དུས་ཚོད་ནི2017ལོའི་ཟླ་བ་དང་པོའི་ཚེས1ནས་བཟུང་ལག་བསྟར་གཏང་རྒྱུ་རེད།

   གཅིག་ནི་བཅད་གྲངས་དེ་མི་རེར་ཟླ་རེར་སྒོར45འཕར་བ་ལེགས་སྒྲིག་དང་།  གཉིས་ནི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོའི་མི་སྣ་དང་རང་ཉིད་ཀྱི་རྒན་གསོའི་འཚོ་དངུལ་གྱི་ཚད་གཞི་དང་གྲོན་དངུལ་འཇལ་བའི་ལོ་ཚད་ཁག་གཉིས་དང་ཟུང་འབྲེལ་བྱས་ཤིང་།  རང་ཉིད་ཀྱི2016ལོའི་ཟླ་བ12པའི་གཞི་རྩའི་རྒན་གསོའི་འཚོ་དངུལ་གྱི་གཞི་གྲངས་བྱས་ཏེ་བརྒྱ་ཆ1.8འཕར་བ་དང་།  གྲོན་དངུལ་འཇལ་བའི་ལོ15མན་གྱི་ལོ་རེར་སྒོར1འཕར་བ།  ལོ15ནས་བརྒལ་བའི་ལོ་རེར་སྒོར2.5འཕར་བ།  ལས་ཁུངས་དང་བྱ་གཞག་སྡེ་ཚན་གྱི2014ལོའི་ཟླ་བ9པའི་ཚེས30ཉིན་དང་དེའི་སྔོན་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣར་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོའི་མི་སྣས་ལེགས་སྒྲིག་བྱས་སྟངས་བྱེད་རྒྱུ་རེད།  ལས་ཁུངས་དང་བྱ་གཞག་སྡེ་ཚན་གྱི2014ལོའི་ཟླ་བ9པའི་ཚེས30ཉིན་དང་དེའི་སྔོན་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣར་རང་ཉིད་ཀྱི2016ལོའི་ཟླ་བ12པའི་གཞི་རྩའི་རྒན་གསོའི་འཚོ་དངུལ་གྱི་གཞི་གྲངས་བྱས་ཏེ་བརྒྱ་ཆ3.3འཕར་བ།  གསུམ་ནི་ལོ་ན་མཐོ་བའི་ལས་འཁྱུར་ངལ་གསོའི་མི་སྣ་དང་དཀའ་ངལ་ཆེ་བའི་མཐའ་འཁོབ་ས་ཁུལ་གྱི་གསར་དུ་སྣོན་པའི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣ། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོའི་དམག་དཔུང་གི་ལས་སྒྱུར་ལས་བྱེད་པ་སོགས་ལ་གཞི་རྩའི་རྒན་གསོའི་འཚོ་དངུལ་འོས་འཚམ་མང་དུ་གཏང་རྒྱུ་རེད།།  


  • ལེ་ཚན་སྔོན་མ།:མུ་མཐུད་ནས་ལས་དོན་སྤེལ་ཤུགས་ཇེ་ཆེར་དང་ལྗོངས་ཁུལ་གསར་སྤེལ་ཇེ་མགྱོགས་སུ་གཏང་དགོས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་གནད་དོན་དག་བཅོས་བྱས་ནས་ཕན་འབྲས་མངོན་གསལ་ཐོབ་ཡོད།
  • དོ་སྣང་ཆེ་བའི་རྩོམ།