མུ་མཐུད་ནས་ལས་དོན་སྤེལ་ཤུགས་ཇེ་ཆེར་དང་ལྗོངས་ཁུལ་གསར་སྤེལ་ཇེ་མགྱོགས་སུ་གཏང་དགོས།

བདེ་སྐྱིད་ཀྱིས་བསྒྱུར།        2017-09-07

ཉེ་ཆར།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ལས་དོན་ཚོགས་འདུའི་གཙོ་འགན་བཞེས་ཏེ།  ཆེད་དོན་དུ་དགེ་བསྙེན་གནས་རི་ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན་གྱི་ཐོག་མའི་འཆར་འགོད་སྙན་ཞུར་གསན་པ་དང་རྗེས་མའི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།  ཁོང་གིས་མུ་མཐུད་ནས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས།   5Aརིམ་པའི་ལྗོངས་ཁུལ་འཛུགས་སྐྲུན་གྱི་འགོ་འཛུགས་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།  དགེ་བསྙེན་གནས་རི་ལྗོངས་ཁུལ་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་དང་འཛམ་གླིང་གི་རང་བྱུང་ཤུལ་བཞག་གི་དམིགས་ཡུལ་དུ་བཟུང་ནས་ལས་འགོ་འཛུགས་ས་མཐོན་པོ་དང་།  ཚད་གཞི་མཐོན་པོ། ཆུ་ཚད་མཐོ་བའི་འཆར་འགོད་ཇུས་འགོད་བཞག་སྟེ་དགེ་བསྙེན་གནས་རི་ལྗོངས་ཁུལ་དེ་དཀར་མཛེས་ཁུལ་གྱི་ཡུལ་སྐོར་མིང་བྱང་གསར་པ་ཞིག་དང་སི་ཁྲོན་ཡུལ་སྐོར་གྱི་ལྗོངས་ཁུལ་གསར་པ།  རྒྱལ་སྤྱིའི་ཕྱོགས་བསྡུས་ཅན་གྱི་རི་ཀླུང་ཡུལ་སྐོར་ལྗོངས་ཁུལ་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།།   

  • ལེ་ཚན་སྔོན་མ།:ཕྱག་ཕྲེང་རྫོང་གིས་གྲོང་ཡུལ་ཁོར་ཡུག་བཅོས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་མི་རེར་ཟླ་རེར་སྒོར45སྤར།
  • དོ་སྣང་ཆེ་བའི་རྩོམ།