ཏེང་ཞའོ་ཀང་གིས་དཀར་མཛེས་ཁུལ་དུ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་དང་ལྟ་སྐུལ་ཁྲིད་སྟོན་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2020-08-12

   

ཏེང་ཞའོ་ཀང་གིས་དཀར་མཛེས་ཁུལ་དུ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་དང་ལྟ་སྐུལ་ཁྲིད་སྟོན་གནང་།

ཏེང་ཞའོ་ཀང་སྔ་རྗེས་སུ་འབའ་ཐང་རྫོང་གི་ལྡུམ་རའི་རྡོ་གཞོང་གནས་སྤོ་བྱ་ཡུལ་དུ་ཕེབས་ནས་ལས་བྱེད་པ་དང་མང་ཚོགས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས།

   སྤྱི་ཟླ8པའི་ཚེས4ཉིན་ནས་ཚེས5ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་རང་ཁུལ་དུ་ཕེབས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་དང་ལྟ་སྐུལ་དོན་འཁྱོལ་གནང་སྐབས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ངོ་བོ་འཆུག་མེད་ཁོང་དུ་ཆུད་པ་དང་། གོ་སྐབས་ཀྱི་འདུ་ཤེས་དང་འགན་འཁྲི་འཁུར་སེམས་ཇེ་དྲག་ཏུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་སྔོན་དུ་སྤེལ་བ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཁྲེང་ཏུའུ་དང་ཁྲུང་ཆིང་ལྟེ་གནས་གྲོང་ཁྱེར་གཉིས་དང་ས་ཁོངས་ཀྱི་ལྟེ་གནས་གྲོང་ཁྱེར་གྱི་བྱེད་ནུས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས་བཅས་འཛུགས་སྐྱོང་བྱ་གང་ཐུབ་བྱས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྔར་བས་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

    ཏེང་ཞའོ་ཀང་གིས་སྔོ་རྗེས་སུ་འབའ་ཐང་རྫོང་གི་ལྡུམ་རའི་རྡོ་གཞོང་གནས་སྤོ་བྱ་ཡུལ་དང་། ཞིང་ཁའི་མཛེས་ལྗོངས་ལ་ལྟ་སའི་དོས་ལམ། རྫོང་རྩ་་གྲོང་རྡལ་གྱི་ཁམ་བུའི་རྟེན་གཞི། སྡེ་རོང་རྫོང་གི་རྒྱ་བྲ་ཐོན་ལས་རྟེན་གཞི། ཕྱག་ཕྲེང་རྫོང་གི་དེང་རབས་ཞིང་ལས་མཐོ་སྒང་གི་ཁྱད་ཆོས་ཤིང་ཏོག་ཐོན་ལས་གླིང་ཁུལ་དང་ཕྲེང་སྟོད་གྲོང་རྡལ་གྲོང་སྟོད་གྲོང་སྡེ་བཅས་སུ་ཕེབས་ནས་ལས་བྱེད་པ་དང་མང་ཚོགས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་ནས་དབུལ་ཐར་འགག་སྒྲོལ་དང་། ཡུལ་གྲོང་དར་རྒྱས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། རིམས་ནད་འགོག་བཅོས་ཚོད་འཛིན། འབྲུབ་འགོག་གེགས་སེལ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། དཀར་མཛེས་ཁུལ་གྱིས་ལྷག་ལུས་ཡོད་པའི་དབུལ་ཕོངས་མི་འབོར་གྱི་དབུལ་ཐར་ལས་ཀ་མུ་མཐུད་ནས་དམ་འཛིན་ཡག་པོ་བྱེད་པའི་དུས་མཚུངས་སུ། གནས་སྤོ་བྱས་རྗེས་རྒྱུན་མཐུད་དུ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་པོར་བསྐྱར་ལོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་བཀོལ་སྤྱོད་ཡག་པོ་བྱས་ནས་དབུལ་ཐར་གྱི་གྲུབ་འབྲས་དང་སྤུས་ཚད་སྲ་བརྟན་དུ་གཏང་དགོས། དབུལ་ཐར་འགག་སྒྲོལ་དང་ཡུལ་གྲོང་དར་རྒྱས་གཏོང་བའི་སྦྲེལ་མཐུད་ལས་ཀ་ནུས་ལྡན་ཡོང་བར་འཚོལ་ཞིབ་ཧུར་ཐག་བྱས་ནས་སི་ཁྲོན་གྱི་རིག་གནས་ཡུལ་སྐོར་བར་ཁྱམས་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་བར་གྱི་དེང་རབས་ནུས་པ་ལྡན་པའི་ཁྱད་ཆོས་ཞིང་ལས་ས་རྒྱུད་འཛུགས་སྐྱོང་བྱ་རྒྱུར་དམིགས་ནས་སྐྱེ་ཁམས་དཔལ་འབྱོར་དང་། མཐོ་སྒང་གི་ཁྱད་ཆོས་ཀྱི་འདེབས་གསོའི་ལས་རིགས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏང་དགོས། དེང་རབས་ཐོན་ལས་གླིང་ཁུལ་གྱིས་འཕེལ་རྒྱས་གཏོང་ཕྱོགས་བྱས་ཏེ་གཙོ་ཁྲིད་ཁེ་ལས་ཀྱིས་སྐུལ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་ཐོན་ལས་མཉམ་འདྲེས་དང་ལྗང་མདོག་འཕེལ་རྒྱས་གཏང་རྒྱུའི་ཐོག་ཤུགས་བསྒྲིམ་དགོས། དྲྭ་ཐོག་ཚོང་དོན་དང་ཟོག་འགྲེམས། ཟོང་རྟགས་སྐྱེད་སྲིང་། དངུལ་རྩ་ཞབས་ཞུའི“ཞིང་གསུམ”ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་ཁེ་ཕན་དེ་བས་མང་པོ་ཐོབ་ཏུ་བཅུག་ནས་གྲོང་སྡེ་ཕྱོགས་ཡོངས་སུ་དར་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། ཡུལ་ཤོག་དང་གྲོང་རྡལ་གྱི་སྲིད་འཛིན་ཁུལ་དབྱེ་འབྱེད་དང་གྲོང་སྡེ་རིམ་པའི་སྒྲིག་གཞི་ལེགས་སྒྲིག་དང་བཅོས་བསྒྱུར་གྱི་མཐའ་མཇུག་ལས་ཀ་ཡག་པོ་བསྒྲུབས་ནས་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།མང་ཚོགས་ཀྱི་དགོས་མཁོ་དང་འདོད་བློས་ཕྱོགས་སྟོན་བྱས་ཏེ་ཐོན་ཁུངས་བཀོད་སྒྲིག་སྔར་བས་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ།ཞབས་ཞུའི་འཇོན་ནུས་ཇེ་དྲག་ཏུ་གཏོང་བ།བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱ་དགོས།

    ལྷག་པ་གློག་འདོན་ས་ཚུགས་ནི་ལྷོ་ནུབ་ཀྱི་ཆུ་གློག་གསར་སྤེལ་བྱས་པའི་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་དང་ཞིང་ཆེན་གྱི་གཙོ་གནད་ལས་གཞི་ཡིན་ཞིང་། ཏེང་ཞའོ་ཀང་གིས་ཉེན་མེད་ཐོན་སྐྱེད་ཀྱི་ལམ་ལུགས་དང་གཏན་འབེབས་ཁག་དོན་འཁྱོལ་ནན་པོ་བྱས་ནས་མི་སྣ་ཉེན་མེད་དང་ལས་གཞི་ཨར་ལས་བྱེད་སྐབས་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྔོན་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ནས་ལས་གཞིའི་ཨར་ལས་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས་རིམས་ནད་ཀྱིས་འགོར་འགྱངས་བྱས་པའི་གྱོང་གུན་ཉམས་གསོ་ཐུབ་པ་བྱས་མཐར། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་བྱས་རྗེས་དེ་བས་ཆེན་པོ་འཇོག་དགོས།

ཏེང་ཞའོ་ཀང་ད་དུང་ཕྱག་ཕྲེང་རྫོང་བསམ་འཕེལ་གླིང་དགོན་པར་གྲྭ་བཙུན་དོ་དམ་དང་འཚོ་བའི་གནས་ཚུལ་རྒྱུས་ལོན་གནང་བར་ཕེབས་ཤིང་།དགོན་སྡེར་ཁྲིམས་ལྟར་དོ་དམ་ཚད་ལྡན་དང་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་སོགས་ཀྱི་ལས་དོན་མུ་མཐུད་དུ་ཡག་པོ་བསྒྲུབ་དགོས་ཞེས་ཐུགས་རེ་གནང་བ་རེད། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་འཕྲོད་མཐུན་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་སྒྲོག་འགྲེལ་དང་ལྟ་སྐུལ་ཁྲིད་སྟོན་ལ་ཕེབས་རོགས་གནང་བ་རེད།།

  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་ཞིང་ཆེན་གནམ་གཤིས་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཕེང་ཀོང་དང་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:དམངས་སེམས་གསོ་བའི་བདུད་རྩི།
  • དོ་སྣང་ཆེ་བའི་རྩོམ།