ལིའུ་ཁྲེང་མིང་གིས་ཞིང་ཆེན་གནམ་གཤིས་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཕེང་ཀོང་དང་མཇལ་འཕྲད་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2020-08-12

    

ལིའུ་ཁྲེང་མིང་གིས་ཞིང་ཆེན་གནམ་གཤིས་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཕེང་ཀོང་དང་མཇལ་འཕྲད་གནང་།

   སྤྱི་ཟླ8པའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཞིང་ཆེན་གནམ་གཤིས་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཕེང་ཀོང་དང་བཅས་པར་མཇལ་འཕྲད་གནང་ནས་ཕྱོགས་གཉིས་པོས་དཀར་མཛེས་ཀྱི་གནམ་གཤིས་བྱ་གཞག་སྔར་བས་འཕེལ་རྒྱས་ཡག་པོ་བཏང་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུ་དང་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་ལ་ཞབས་ཞུ་བྱ་རྒྱུའི་ཐད་སྤེལ་རེས་དང་གྲོས་བསྡུར་བྱས་པ་རེད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཁང་ལིན་མཇལ་འཕྲད་ནང་ཞུགས་པ་རེད། ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཕེང་ཀོང་དང་བཅས་པར་ཕེབས་པར་དགའ་བསུ་ཞུས་པ་རེད། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་གནམ་གཤིས་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་རང་ཁུལ་ནི་ས་བབ་མཐོ་བ་དང་ས་ཁོངས་རྒྱ་ཆེ་བ། རང་བྱུང་གནོད་འཚེ་ཡང་ཡང་ཐོན་གྱིན་ཡོད་པས། ཉེ་བའི་ལོ་ཤས་རིང་རང་ཁུལ་གྱི་གནམ་གཤིས་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ཡོད། གེགས་འགོག་གེགས་སེལ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སོགས་ཀྱི་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཞིང་ཆེན་གནམ་གཤིས་ཅུས་ཀྱིས་དཀར་མཛེས་གནམ་གཤིས་བྱ་གཞག་འཕེལ་རྒྱས་ལ་མུ་མཐུད་ནས་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས“ཚེ་སྲོག་ནི་བླ་ན་མེད་པ་དང་། མི་དམངས་ནི་བླ་ན་མེད་པ་དང་། ཉེན་མེད་ནི་བླ་ན་མེད་པ”བཅས་ཀྱི་འདུ་ཤེས་བཅངས་ནས། འབྲུབ་འགོག་གེགས་སེལ་ལས་དོན་ལ་དམིགས་ནས་དུས་ཐོག་ཏུ་ཉེན་ཟོན་སྔོན་བརྡ་གཏོང་བ། ཞིང་འབྲོག་ཐོན་ལས་གོང་འཕེལ་གཏང་རྒྱུར་དམིགས་ནས་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ཉེན་ཟོན་སྔོན་བརྡ་གཏང་རྒྱུར་ཤུགས་སྣོན་རྒྱག་པ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་དམིགས་ནས་གེགས་འགོག་གེགས་སེལ་གྱི་ཚན་རྩལ་འདེགས་སྐྱོར་ཆུ་ཚད་མཐོ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བ་འགན་ལེན་བྱེད་པ་བཅས་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་སྤུས་ཀ་ལེགས་ཤིང་ནུས་པ་ཆེ་བའི་གནམ་གཤིས་ཞབས་ཞུ་མཁོ་འདོན་བྱ་དགོས། ཕེང་ཀོང་གིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་འཕེལ་རྒྱས་དང་དམངས་འཚོ།བརྟན་བརླིང་བཅས་ཀྱི་ཐད་གྲུབ་འབྲས་དགའ་འོས་པ་ཞིག་ཐོབ་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད། དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་ནས་བཟུང་གནམ་གཤིས་བྱ་གཞག་འཕེལ་རྒྱས་ལ་མཐོང་ཆེན་བླ་ན་མེད་པ་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་དཀར་མཛེས་ཁུལ་གྱི་གནམ་གཤིས་བྱ་གཞག་ལ་ལོ69ཡི་འཕེལ་རྒྱས་བྱུང་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ས་ཁུལ་དེ་གའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། གེགས་སེལ་སོགས་ཀྱི་ཐད་གནམ་གཤིས་ཀྱི་ཞབས་ཞུ་ནུས་ལྡན་མཁོ་འདོན་བྱས་ཡོད། ཁོང་གིས་ཞིང་ཆེན་གནམ་གཤིས་ཅུས་ཀྱིས་སླད་ཕྱིན་དུ་དཀར་མཛེས་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་དཀར་མཛེས་ཀྱི་གནམ་གཤིས་བྱ་གཞག་ལ་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཡག་པོ་བཏང་སྟེ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུར་ཞབས་འདེགས་ཡག་པོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།།

  • ལེ་ཚན་སྔོན་མ།:གཞིས་མིན་སྤྲོ་ཁང་གི་སྒོ་སྟེང་དུ་དྲིན་གཟོ་མཚོན་བྱེད་ཀྱི་ཤིས་ཚིག་བྲིས།
  • ལེ་ཚན་རྗེས་མ།:ཏེང་ཞའོ་ཀང་གིས་དཀར་མཛེས་ཁུལ་དུ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་དང་ལྟ་སྐུལ་ཁྲིད་སྟོན་གནང་།
  • དོ་སྣང་ཆེ་བའི་རྩོམ།