བརྒྱད་ཟིལ་རྫོང་གིས་སྐབས་གཉིས་པའི་མཚོ་སྐོར་དུས་ཆེན་དང་གཞི་རིམ་མང་ཚོགས་རིག་རྩལ་བྱེད་སྒོ་སྤེལ།

ལྷ་འཛོམས་ཀྱིས་བསྒྱུར།        2017-07-27

  ཟླ་བ7པའི་ཚེས21ཉིན། བརྒྱད་ཟིལ་རྫོང་ཏང་ཨུ་དང་མི་དམངས་སྲིད་གྲོས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོའི་བརྒྱད་ཟིལ་གྱི་སྐབས་གཉིས་པའི་འོད་སྐྱིད་མཚོའི་རྒྱལ་སྤྱིའི་མཚོ་སྐོར་དུས་ཆེན་དང་གཞི་རིམ་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་དེ་རྫོང་སློབ་འབྲིང་དུ་སྤེལ་བ་རེད། འགོ་ཚུགས་མཛད་སྒོའི་ཐོག་ཤང་ཁག་གིས་གྲ་སྒྲིག་ཞིབ་ཚགས་བྱས་པའི་བྲོ་གར་སྣ་ཁ20འཁྲབ་སྟོན་བྱས་ནས་ལྟད་མོ་བར་སྟོན་མོ་གྱ་ནོམ་པ་ཞིག་ཕུལ་བ་རེད། ཐེངས་འདིའི་མཚོ་སྐོར་དུས་ཆེན་བྱེད་སྒོ་ནང་མང་ཚོགས་ལ་དགའ་སྟོན་དང་སྤྲོད་སྐྱིད་ལྡན་པའི་དུས་ཆེན་གྱི་རྣམ་པ་ཞིག་ཤར་ཡོད་ལ། མི་རིགས་ཁག་དབར་མཐུན་སྒྲིལ་མཉམ་འདྲེས་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བ་དང་། བརྒྱད་ཟིལ་གྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དཔལ་འབྱོར་སྟོབས་འབྱོར་ལྡན་པ་ཡོང་བར་སྐུལ་འདེད་ཀྱང་གཏོང་རོགས་བྱས་ཡོད། དེ་བས་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་གོང་བུ་གཅིག་གྱུར་གྱིས་དབུལ་ཐར་སྔ་སྣུར་བྱས་ཤིང་སྔོན་དུ་འབྱོར་འབྲིང་ལ་སྐྱོད་པའི་ཆོད་སེམས་དང་ཡིད་ཆེས་བཅངས་པ་རེད།

  ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་བཞིའི་བྱེད་སྒོ་དུས་ཚོད་ནང་ལས་ཁུངས་དང་ཤང་། གྲོང་རྡལ་གྱི་གླུ་གཞས་མཉམ་གཏོང་ཆེན་པོ་དང་དམངས་གཞས་འགྲན་བསྡུར་ཆེན་པོ། བྲོ་གར་འཁྲབ་སྟོན། པར་ལེན་འགྲན་བསྡུར་ཆེན་མོ་སོགས་བྱེད་སྒོ་སྣ་མང་སྤེལ་བ་རེད།།


  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་ཡིས་ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་གནད་དོན་ཕྱིར་ལྡོག་དག་བཅོས་ལས་ཀའི་སྐུལ་སྤེལ་ཚོགས་འདུའི་ཐོག་གསུང་བཤད་གནང་།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་མཇུག་སྒྲིལ་ཚོགས་འདུ་ཐོག་གི་གཏམ་བཤད།
  • དོ་སྣང་ཆེ་བའི་རྩོམ།