ཞའོ་ཡིའུ་ཚའེ་ཡིས་ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་གནད་དོན་ཕྱིར་ལྡོག་དག་བཅོས་ལས་ཀའི་སྐུལ་སྤེལ་ཚོགས་འདུའི་ཐོག་གསུང་བཤད་གནང་།

        2017-07-27


ཟླ་བ7པའི་ཚེས23ཉིན་གྱི་སྔ་དྲོར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཁུལ་ཡོངས་ཀྱི་ཡུལ་སྐོར་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་གནད་དོན་ལྡོག་ཕྱིར་དག་བཅོས་ལས་ཀའི་སྐུལ་སྤེལ་ཚོགས་འདུའི་གཙོ་འགན་བཞེས་ཤིང་། ཚོགས་འདུའི་ཐོག་དེང་སྐབས་ཀྱི་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་བྱས་ནས་གནད་དོན་ལ་ཁ་གཏད་འཇལ་བ། འཐབ་རྩོད་བྱེད་ཕོད་པ། མགྱོགས་ཤིང་དོ་དན་གྱིས་གནད་དོན་ཐག་གཅོད་བྱས་ནས་མཐའ་གཅིག་ཏུ་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་གནད་དོན་དག་བཅོས་དམག་འཐབ་ལས་རྒྱལ་ཁ་ཐོབ་པ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཞའོ་ཡིའུ་ཚའེ་ཡིས་བསྟན་དོན། ཞིང་ཆེན་གྱི་ཁོར་ཡུག་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་གིས་ད་ལོའི་ཟླ་བ3པར་རང་ཁུལ་དུ་ཁོར་ཡུལ་ལྟ་སྐུལ་ཞིབ་བཤེར་བྱས་པས་མ་ཚད། ད་དུང་ཁོར་ཡུག་སྲུང་སྐྱོང་ལས་ཀའི་ཐད་ཀྱི་གནད་དོན་ལྡོག་ཕྱིར་བྱས་པ་རེད།  རང་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་ལས་ཀའི་དག་བཅོས་མགྱོགས་སུ་གཏོང་ཆེད།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཐོག་ཏུ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་དང་ཁུལ་སྲིད་གཞུང་གི་རྒྱུན་ལས་ཨུ་ལྷན་ཚོགས་འདུ་འཚོགས་ཏེ་དག་བཅོས་ལས་ཀར་བཀོད་སྒྲིག་བྱས་ཤིང་སྐུལ་འདེད་ལས་ཀ་ཐེངས་མང་པོ་སྤེལ་བ་རེད། ཡིན་ན་ཡང་རྫོང་དང་སྡེ་ཁག་མི་ཉུང་བ་ཞིག་གིས་མཐོང་ཆེན་དང་དག་བཅོས། དོན་འཁྱོལ་སོགས་མི་འདང་ཞིང་། གྲུབ་ཚད་བརྒྱ་ཆ72.8ལས་མེད་པས། རིམ་པ་ཁག་གིས་ངེས་པར་དུ་གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དོན་འཁྱོལ་ཡག་མོ་མི་བྱེད་མཁན་མི་དང་དོན་འཁྱོལ་བྱེད་མེད་པའི་གནས་ཚུལ་ལ་བཟུང་སྟེ་གནད་དོན་ཞིབ་ཕྲ་ལ་དམིགས་ཏེ་དངོས་གནད་སྒྲུབ་ཕོད་པ་དང་འགན་འཁྲི་འཁུར་ཕོད་པ་བྱ་དགོས།

ཞའོ་ཡིའུ་ཚའེ་ཡིས་ནན་གསུང་གནང་དོན།  ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོང་ལས་ཀ་དེ་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གལ་འགངས་ཆེན་པོ་ཡིན་པ་དེ་ངོས་འཛིན་གང་ལེགས་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་བརླིང་གི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ནས་རི་སྔོ་ཞིང་ཆུ་དྭངས་བ་ནི་གསེར་རི་དངུལ་རི་ཡིན་ལ་ཁོར་ཡུག་སྲུང་སྐྱོང་བྱས་ན་འབྱུང་འགྱུར་མཛེས་སྡུག་ལྡན་པ་ཞིག་སྐྲུན་ཐུབ་པའི་འདུ་ཤེས་འཛིན་ཞིང་ཏང་སྲིད་ཀྱིས་ལས་འགན་མཉམ་ཁུར་བྱས་ནས་ཆུ་དཔོན་ལམ་ལུགས་དང་གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ལོ་གསུམ་ནང་ཚུན་ཁུལ་ཡོངས་ཀྱི་རྫོང་ཁག18ཀྱི་རྫོང་གྲོང་ཁུལ་དང་གཙོ་གནད་ཤང་གྲོང་། ཁྱད་ཆོས་ལྡན་པའི་གྲོང་སྡེ་དེ་མཐོ་སྒང་གི་ཁྱད་ཆོས་ལྡན་པ་དང་མི་རིགས་ཀྱི་ཡུལ་སྲོལ་ལྡན་པ། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ལྡན་པའི་ཡིད་དབང་འཕྲོག་པའི་རྫོང་གྲོང་ཁུལ་དང་ཡུལ་སྲོལ་ཡག་པའི་གྲོང་རྡལ། མཛེས་སྡུག་ལྡན་པའི་གྲོང་སྡེ་ཞིག་བསྐྲུན་དགོས།། 


  • ལེ་ཚན་སྔོན་མ།:ཞིང་ཆེན་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གིས་གྲོས་ཚོགས་ཐེངས་བཅོ་ལྔ་པ་འཚོགས།
  • ལེ་ཚན་རྗེས་མ།:བརྒྱད་ཟིལ་རྫོང་གིས་སྐབས་གཉིས་པའི་མཚོ་སྐོར་དུས་ཆེན་དང་གཞི་རིམ་མང་ཚོགས་རིག་རྩལ་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།