དཀར་མཛེས་རྫོང་གི་དབུལ་ཕོངས་འབུམ་རམས་པར་གཅེས་སེམས་ལྡན་པའི་ཁེ་ལས་རོགས་སྐྱོར་ཐོབ།

        2017-07-20

    གཅེས་སེམས་ལྡན་པའི་ཁེ་ལས་ཀྱིས་ང་ཚོའི་ཁྱིམ་ཚང་ལ་ཞལ་འདེབས་ཕུལ་ནས་རོགས་རམ་ཆེན་པོ་བྱས་བྱུང་། བུ་མོས་དཀའ་སྤྱད་འབད་བརྩོན་བྱས་ཏེ་འབུམ་རམས་པའི་སྦྱངས་ཚན་ལེགས་འགྲུབ་ཡོང་བར་བྱས་ཏེ་ཚང་མའི་ཐུགས་ཁུར་དང་གཅེས་སེམས་འབུལ་བར་བཀའ་དྲིན་ཞུ་ངེས་ཡིན་ཞེས་པ་ནི་ཉེ་ཆར་སི་ཁྲོན་ཧན་པོ་ཏེ་ཆ་འཕྲིན་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་དཀར་མཛེས་རྫོང་གི་དབུལ་སྐྱོར་སློབ་མ་འཕྲིན་ལས་དབང་མོ་ལ་སློབ་ཞུགས་རོགས་དངུལ་ཕུལ་སྐབས། འཕྲིན་ལས་དབང་མོའི་ཨ་མས་ཕྲུ་གུའི་ཚབ་བྱས་ཏེ་སློབ་ཞུགས་རོགས་དངུལ་སྒོར་ཁྲི6བླངས་རྗེས་སེམས་འགུལ་རབ་ཏུ་ཐེབས་པའི་ངང་ནས་བཤད་པའི་སྐད་ཆ་དུམ་བུ་རེད།

འཕྲིན་ལས་དབང་མོ་ནི་དཀར་མཛེས་རྫོང་དཀར་མཛེས་གྲོང་རྡལ་གྱི་མི་ཡིན། མོའི་ཨ་ཕར་ནད་ཕོག་ནས་ཉལ་ཁྲིའི་ཐོག་ཡུན་རིང་ལྷུང་ཡོད་སྟབས། ཨ་མ་གཅིག་པུས་མོ་རང་དཀའ་སྡུག་བརྒྱབ་ནས་འཚོ་སྐྱོང་བྱས་པ་རེད། ཁྱིམ་ཚང་དབུལ་པོ་ནས་སྐྱེས་པའི་འཕྲིན་ལས་དབང་མོ་ཆུང་དུས་ནས་སྤྱོད་ཡོན་གཉིས་ལེགས་ཀྱི་སློབ་མ་ཞིག་ཡིན།  མོ་རང་སྔོན་རྗེས་སུ་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དང་དཀར་མཛེས་ཁུལ་ཁམས་བྱང་མི་རིགས་མཐོ་འབྲིང་དུ་སློབ་སྦྱོང་བྱས། དེ་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་མུ་མཐུད་དེ་ཞིབ་འཇུག་སློབ་མ་འདོན་ས་འགྲོ་བ་དང་།  དེའི་རྗེས་ཨའོ་མན་སློབ་ཆེན་དུ་ཁྲིམས་ལུགས་རིག་པའི་འབུམ་རམས་པའི་སློབ་སྦྱོང་བྱས་པ་རེད། ཁྱིམ་ཚང་དཀའ་ངལ་ཆེ་བའི་རྐྱེན་གྱིས་འཕྲིན་ལས་དབང་མོས་སྤྱི་ཚོགས་ལ་རོགས་རམ་གནང་རོགས་ཞུས་པས།  མཐར་སི་ཁྲོན་ཧན་པོ་ཏེ་ཆ་འཕྲིན་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་རོགས་རམ་བྱས་པ་རེད།

     སྤྱི་གཉེར་ཁང་དེའི་སྤྱི་ཁྱབ་སྤྱི་གཉེར་ཐང་དབྱི་ཉིང་གིས་སྨྱུག་འཛིན་པར་སྤྱི་གཉེར་ཁང་གིས་ཡུན་རིང་གཅེས་སེམས་དང་དགེ་སྒྲུབ་ཀྱི་བྱ་གཞག་ལ་ནུས་པ་འདོན་གང་ཐུབ་བྱེད་བཞིན་ཡོད།  ཉེ་བའི་ལོ་ཤས་རིང་དེ་བས་དབུལ་སྐྱོར་དཔུང་སྡེའི་ཁྲོད་ཞུགས་གང་ཐུབ་བྱས་ཏེ་སློབ་གསོ་དབུལ་སྐྱོར་གྱི་ལས་ཀ་སྤེལ་གང་ཐུབ་བྱས་ཏེ།  ལོ་མང་རིང་ལིའང་ཧྲན་དང་བོད་ལྗོངས་སོགས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དབུལ་ཕོངས་སློབ་གྲྭ་ཆེན་མོ་བར་རོགས་སྐྱོར་བྱས་ནས།   ཁེ་ལས་ཀྱི་ནུས་པར་བརྟེན་ནས་མང་ཚོགས་ཀྱི་ཁྱིམ་ཚང་དབུལ་ཐར་ཡོང་བར་རང་ཉིད་ཀྱི་ནུས་པ་ཕྲན་བུ་འདོན་པ་ཡིན་ཞེས་བཤད།  མིག་སྔར་དཀར་མཛེས་ཁུལ་དུ་གཅེས་སེམས་ཐེབས་རྩ་བཙུགས་ནས་ལོ་རེར་སློབ་གྲྭ་ཆེ་ཁག་གི་དབུལ་ཕོངས་སློབ་མ30ལ་རོགས་སྐྱོར་བྱ་རྒྱུ་རེད།། 


  • ལེ་ཚན་སྔོན་མ།:ཁུལ་ཨུ་འགོ་ཁྲིད་ཉག་རོང་རྫོང་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་དང་དབུལ་ཐར་འགག་སྒྲོལ་ལྟ་སྐུལ་ཚོགས་འདུར་ཕེབས་ནས་ཁྲིད་སྟོན་གན
  • ལེ་ཚན་རྗེས་མ།:ཤུགས་ཆེན་པོས་གཞི་རིམ་ཏང་གི་འཛུགས་སྐྱོང་ལ་སྐུལ་འདེད་གཏང་ཞིང་དབུལ་ཐར་འགག་སྒྲོལ་ཐུབ་པར་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།