ཁུལ་ཨུ་འགོ་ཁྲིད་ཉག་རོང་རྫོང་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་དང་དབུལ་ཐར་འགག་སྒྲོལ་ལྟ་སྐུལ་ཚོགས་འདུར་ཕེབས་ནས་ཁྲིད་སྟོན་གནང་།

ཡེ་ཤེས་ལྷ་མོས་བྲིས་ཤིང་པར་བླངས།        2017-07-20

 

   ཟླ7པའི་ཚེས4ཉིན། ཉག་རོང་རྫོང་གིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་སྒྲོག་འགྲེལ་དང་དབུལ་ཐར་འགག་སྒྲོལ་ལྟ་སྐུལ་ཚོགས་འདུ་འཚོགས། ཚོགས་འདུའི་ནང་དུ་ཁུལ་ཨུ་རྒྱུན་ལས་རྩ་འཛུགས་པུའུ་ཀྲང་ལིའུ་ཅེ་ཞང་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་ཀྲི་ཀུའེ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྐུ་བཅར་ཡོན་ཏན་རྒྱ་མཚོ་དང་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་རྣམས་ཚོགས་འདུར་ཕེབས་པས་མ་ཚད།  རྫོང་ཡོངས་ཀྱི་རྫོང་རིམ་པའི་འགོ་ཁྲིད་དང་རྫོང་རིམ་པའི་ལས་ཁུངས་ཀྱི་འགོ་ཁྲིད་དང་ཤང་དང་གྲོང་རྡལ་གྱི་འགན་ཁུར་པ་ཐམས་ཅད་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུ་དེ་ཉག་རོང་རྫོང་ཨུ་ཧྲུའུ་ཅི་ཚེ་རིང་དབང་འདུས་ཀྱིས་གཙོ་སྐྱོང་བྱས་ཤིང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་ཀྲི་ཁུའེ་ཡིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་སྒྲོལ་འགྲེལ་འཆད་ཁྲིད་གནང་། ཁུལ་ཨུ་རྒྱུན་ལས་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལིའུ་ཅེ་ཞང་གིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་ལག་ལེན་ཏན་ཏིག་དང་དབུལ་ཐར་ཕྱུག་འགྱུར་ལས་ཀར་ཤུགས་བརྒྱབ་ནས་མིག་སྔའི་ལས་ཀ་ལེགས་སྒྲུབ་བྱ་རྒྱུའི་སྐོར་རེ་བ་བཏོན་གནང་བ་སྟེ། གཅིག་ནི་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་སེམས་དཀྱིལ་དུ་གཞག་དགོས། གཉིས་ནི་ ལས་གཞི་འཛུགས་སྐྲུན་ཕྱོགས་ཡོངས་ནས་མྱུར་མགྱོགས་གཏང་དགོས། གསུམ་ནི་ཐོན་ལས་འཕེལ་རྒྱས་ངེས་པར་དུ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་འཐོབ་དགོས། བཞི་ནི་དམངས་འཚོ་འགན་སྲུང་ལ་ནུས་ཤུགས་ཡོད་རྒུ་འདོན་དགོས། ལྔ་ནི་སྒྲིག་གཞི་འཛུགས་སྐྲུན་གྱི་ཚད་གཞི་ནན་པོར་བྱ་དགོས། དྲུག་ནི་དབུལ་ཐར་འབྱོར་ཕྱུག་གི་ཆེད་དུ་མཐུན་རྐྱེན་གང་ལེགས་འདོན་དགོས་ཞེས་གསུངས་པས་མ་ཚད་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་ནི་མིག་སྔའི་ལས་ཀ་གཙོ་བོར་འཇོག་རྒྱུ་སྐོར་དང་ཆུ་ལོག་སྔོན་འགོག  ས་གཤིས་གནོད་འཚེ་ལས་ཀར་ཁྲིད་སྟོན་གནང་བ་རེད།། 


  • ལེ་ཚན་སྔོན་མ།:ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་རང་ཁུལ་དུ་ལྟ་སྐུལ་ཞིབ་བཤེར་ཕེབས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གི་དབུལ་ཕོངས་འབུམ་རམས་པར་གཅེས་སེམས་ལྡན་པའི་ཁེ་ལས་རོགས་སྐྱོར་ཐོབ།
  • དོ་སྣང་ཆེ་བའི་རྩོམ།