འདབ་པ་རྫོང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ༩༦འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

དབྱངས་ཅན་གྱིས་བསྒྱུར།        2017-07-06

ཟླ་བ6པའི་ཚེས30ཉིན་འདབ་པ་རྫོང་སྲིད་དོན་ལྟེ་གནས་ཀྱི་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ96འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་པ་རེད།

རྫོང་ཡོངས་ཀྱི་ལས་རིགས་སོ་སོ་དང་ཕྱོགས་སོ་སོའི་ཏང་གི་འཛུགས་སྐྱོང་ལས་ཀ་སྤེལ་བའི་ཁྲོད་ནས་ཐོན་པའི་སྔོན་ཐོན་རྩ་འཛུགས་དང་། ཕུལ་བྱུང་མི་སྣར་ཕྱོགས་བསྡོམས་དང་གཟེངས་བསྟོད་བྱས་ནས་ཧུར་སེམས་སྐྱེ་རུ་འཇུག་པ་རེད། ཁྱིམ་དུ་ཡོད་པའི་རྫོང་རིམ་པའི་འགོ་ཁྲིད་དང་། ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོ་བྱས་པའི་འགོ་ཁྲིད་རྒན་པའི་འཐུས་ཚབ། ཡུག་ཕྱོགས་ལས་སྒྲུབ་ཨུ་ལྷན་གྱི་ཀྲུའུ་རེན། ཤང་དང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་དང་ཀྲེན་ཀྲང་། ཤང་དང་གྲོང་རྡལ་གྱི་ཏང་རྩ་འཛུགས་ལས་བགོས་འགན་ཁུར་བྱེད་མཁན་གྱི་ཧྲུའུ་ཅི་གཞོན་པ། རྩ་འཛུགས་པ། རྫོང་རིམ་པའི་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོ། ཞིང་ཆེན་དང་ཁུལ་ཁོངས་གཏོངས་ཀྱི་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་འགན་ཁུར་མི་སྣ། ཏང་ཡོན་གསར་པ་དང་གཟེངས་བསྟོད་བྱ་དགའ་ཐོབ་མཁན་སོགས་ཚོགས་ཆེན་ནང་ཞུགས་པ་རེད།

ཏང་ཡོན་གསར་པའི་འཐུས་ཚབ་ཀྱིས་ཏང་ནང་ཞུགས་པའི་དམ་བཅའ་འཇོག་པ་རེད། ཚོགས་ཆེན་ཐོག་ཕུལ་བྱུང་ཏང་དོན་ལས་སྒྲུབ་པ10དང་། ཕུལ་བྱུང་ཏང་ཡོན20  བོད་སྐྱོར་ལས་བྱེད་པའི་ཕུལ་བྱུང་ཏང་ཡོན2  ཕུལ་བྱུང་ཧྲུའུ་ཅི་དང་པོ3 གཞི་རིམ་གྱི་སྔོན་ཐོན་ཏང་རྩ་འཛུགས5བཅས་ལ་གཟེངས་བསྟོད་བྱས་ཡོད། ཕུལ་བྱུང་ཏང་ཡོན་འཐུས་མི་དབང་ཆུ་ཤང་གི་དབུལ་སྐྱོར་ཆེད་ལས་མི་སྣ་ལྷ་མོ་དང་ཕུལ་བྱུང་ཧྲུའུ་ཅི་དང་པོའི་འཐུས་ཚབ་ཚེ་རོགས་ཤང་བཙལ་སྡེ་གཉིས་པའི་ཧྲུའུ་ཅི་དང་པོ་བློ་མཐུན་ཀྲན་ཧུང་པིང་། སྔོན་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐུས་ཚབ་ཆུ་དཀར་ཤང་ཉི་སྒང་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་དབྱིན་ཁྲུན་སོགས་ཀྱིས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:ཁུལ་གློག་ཤུགས་སྤྱི་གཉེར་ཁང་གི་ལས་ཁུངས་ཏང་ཀྲི་པུའུ་དང་པོས་སྦྱང་བྱ་གཉིས་དང་ཚད་ལོན་གཅིག་གི་བརྗོད་བྱའི་ཏང་འཛུགས་ཉིན་མོའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:སྡེ་དགེ་རྫོང་གྲོང་དུ་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱང་གནས་སྐབས་མི་ཤི་རྨས་བྱུང་མེད།
  • དོ་སྣང་ཆེ་བའི་རྩོམ།