ཁུལ་གློག་ཤུགས་སྤྱི་གཉེར་ཁང་གི་ལས་ཁུངས་ཏང་ཀྲི་པུའུ་དང་པོས་སྦྱང་བྱ་གཉིས་དང་ཚད་ལོན་གཅིག་གི་བརྗོད་བྱའི་ཏང་འཛུགས་ཉིན་མོའི་བྱེད་སྒོ་སྤེལ།

ཀུན་དགས་བསྒྱུར།        2017-07-06

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ96འཁོར་བར་རྟེན་འབྲེལ་དང་དྲན་གསོ་ཞུ་ཆེད། ཟླ་བ6པའི་ཚེས28ཉིན་གྱི་ཕྱི་དྲོར། ཁུལ་གློག་ཤུགས་སྤྱི་གཉེར་ཁང་གི་ལས་ཁུངས་ཏང་ཀྲི་པུའུ་དང་པོས་རང་ཉིད་ལས་ཁུངས་ཀྱི་བཟོ་ཚོགས་དང་མཉམ་འབྲེལ་བྱས་ཏེ་སེམས་ཤུགས་བསྒྲིམས་ནས་སྒྲིག་འཛུགས་བྱས་ཏེ། "ངར་ཤུགས་བསྒྲིམས་ནས་མདུན་སྐྱོད་བྱས་ཏེ་སེམས་པ་ཏང་ལ་འཆང་བའི་སྦྱང་བྱ་གཉིས་དང་ཚད་ལོན་གཅིག་གི་བརྗོད་བྱའི་ཏང་འཛུགས་ཉིན་མོའི"བྱེད་སྒོ་སྤེལ་བ་རེད།

ངས་རང་མོས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ཏེ་ཏང་གི་རྩ་འཛིན་ལ་བརྩི་བཀུར་དང་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་།ཏང་ཡོན་གྱི་འོས་འགན་ལེགས་འགྲུབ་བྱ་རྒྱུ་ཡིན་ཞེས་ཆུ་ཚོད14དང་སྐར་མ30ཐོག་ཏང་ཀྲི་པུའུ་དང་པོའི་ཏང་ཡོན་ཚང་མ་ཏང་ཀྲི་པུའུ་ཧྲུའུ་ཅི་ཏུའུ་ཞའོ་ཧྥེས་སྣེ་ཁྲིད་འོག་སྤྱི་གཉེར་ཁང་གི་ཚོམས་ཆེན་དུ་ཏང་དར་ལ་ཁ་ཕྱོགས་ཏེ་ཏང་ནང་ཞུགས་པའི་དམ་བཅའ་བཞག་པ་རེད།  ཏང་ཡོན་རྣམས་ཀྱིས་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་བྱས་པར་བརྒྱུད་ཐོག་མར་ཏང་དར་འོག་དམ་བཅའ་བཞག་པའི་ཡིད་ཆེས་དང་བརྩོན་ལེན་བསྐྱར་དྲན་བྱས་ནས་ཚང་མར་ཏང་གི་དམིགས་ཡུལ་སེམས་ལ་བརྟན་པོ་བཟུང་བཅུག་པར་བརྟེན། སྔར་ལས་ལྷག་པར་ཏང་གཤིས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཏང་ནང་ཞུགས་པའི་དམ་བཅའ་ལ་གནོང་འགྱོད་མེད་པའི་སྒོ་ནས་ཚད་ལྡན་གྱི་ཏང་ཡོན་ཞིག་བྱ་རྒྱུར་དེ་བས་ཡིད་ཆེས་བཅངས་པ་རེད།

དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་རྗེས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་དང་ལས་ཁུངས་བཟོ་ཚོགས་ཀྱིས་མཉམ་དུ་སྒྲིག་འཛུགས་བྱས་ནས་ཏང་གི་ལོ་རྒྱུས་དང་ཏང་གི་སྒྲིག་ཡིག་སོགས་ལ་སློབ་སྦྱོང་བྱས་པ་དང་། ཏང་གི་འབྲེལ་ཡོད་བྱེད་སྒོ་འདྲ་མིན་སྣ་ཚོགས་སྤེལ་བས་མ་ཚད་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་རིམ་པ་བཞིན་དུ་བྱ་དགའ་ཡང་སྤྲད་པ་རེད།


  • ལེ་ཚན་སྔོན་མ།:ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་དམངས་ཀྱི་སེམས་ལ་ཟུག
  • ལེ་ཚན་རྗེས་མ།:འདབ་པ་རྫོང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ༩༦འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས།
  • དོ་སྣང་ཆེ་བའི་རྩོམ།