2017ལོའི་ཐེ་བོའི་རྒྱལ་སྤྱིའི་གྱད་མི་ཀྲུང་གོའི་ཡོངས་བསྒྲགས་འགྲན་སྡུར་སྤེལ་འགོ་བརྩམས་པ།

ཚེ་རིང་རྡོ་རྗེ།        2017-07-05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས3ཉིན་གྱི་སྔ་དྲོར། 2017ལོའི་ཀན་སུའུ་ཞིང་ཆེན་ཐེ་བོའི་རྒྱལ་སྤྱིའི་གྱད་མི་ཀྲུང་གོའི་ཡོངས་བསྒྲགས་འགྲན་སྡུར་དང་ཨ་མདོའི་ས་ཁུལ་གྱི་ལ་གཟར་འགག་རྟགས་མའི་གྱད་མི་གདན་ཞུའི་འགྲན་སྡུར་སྐབས་གསུམ་པ། ཐེ་བོའི་ལ་གཟར་འགག་གི་གསར་བརྗེའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བདུན་པ་བཅས་ཀན་ལྷོ་ཁུལ་གྱི་ཐེ་བོ་རྫོང་ནས་གཟབ་རྒྱས་ངང་འགོ་བརྩམས་ཤིང་། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲུན་ཧུའེ་ཡིས་དུས་ཆེན་གསུམ་པོ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་སྤྱི་ཚོགས་ལུས་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དབྱིན་གོ་ཁྲིན་དང་ཀན་སུའུ་ཞིང་ཆེན་སྲིད་གྲོས་རིག་གནས་སློབ་གསོ་ཚན་རྩལ་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཀྲང་ཀྲིན་ཞུང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྒྲིག་བཤེར་ཚན་གཙོ་དབྱང་ཡུང་ཧྥུ། ཅིའུ་ཆོན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་གོ་ཁྲོན།   ཅིའུ་ཆོན་གྲོང་ཁྱེར་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་སུང་ལི་ཝུན། ཅིའུ་ཆོན་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞིའུ་རོང་སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་འགོ་འཁྲིད་མི་སྣ་དང་ཀན་ལྷོ་ཁུལ་གྱི་འགོ་འཁྲིད་པ་ཁག་ཅིག་དུས་ཆེན་འགོ་རྩོམ་པའི་མཛད་སྒོར་ཞུགས་ཡོད།

མགོ་རྩོམ་པའི་མཛད་སྒོའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། ལོ་འདི་དག་གི་རིང་ལ། ཀྲུང་གུང་ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རི་སྔོ་ཆུ་གཙང་ནི་གསེར་རི་དངུལ་རི་ཡིན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ། མཚོ་བོད་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན། རྒྱལ་ཁབ་ཡུལ་སྐོར་མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བཅས་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་དམ་པོར་བཟུང་སྟེ། སྔོ་ལྗང་སྐྱེ་སྟོབས་འབར་བའི་གནད་བཟུང་ནས།།སྔར་ལས་ལྷག་པའི་མཛེས་སྡུག་ཁོར་ཡུག་སྐྲུན།། ཞེས་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་ལ་དམ་པོར་སྦྲེལ་ནས། ནུས་ཤུགས་ ཡོད་རྒུས་ཡུལ་སྐོར་ཐོན་ལས་ཨང་དང་པོར་བསྒྱུར་བར་སྐུལ་འདེད་བྱས་ཏེ། དུས་རབས་ཀྱི་དོན་སྙིང་ལྡན་ལ་བོད་ཁུལ་གྱི་ཁྱད་ཆོས་འཛོམས་པ་དང་། ཀན་ལྷོའི་ཁྱད་ཆོས་ལྡན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་སྙེག་བྱེད་ཀྱིན་ཡོད་པས། ཀན་ལྷོའི་རིགས་སོ་སོའི་མི་དམངས་ཀྱིས་ས་ཕྱོགས་སོ་སོའི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས་ནས་གསར་བརྗེའི་ཡུལ་སྐོར་རིག་གནས་ཉམས་སུ་མྱོང་རྒྱུ་དང་། ཐེངས་འདིའི་དུས་ཆེན་དང་གྲོས་ཚོགས་གསུམ་པོ་བདེ་བླག་ངང་སྤེལ་ཏེ། ཡུལ་སྐོར་བ་སྔར་ལས་མང་པོ་ཞིག་གིས་ཀན་ལྷོ་ལ་རྒྱུས་ལོན་དང་ཀན་ལྷོར་དངུལ་གཏོང་།ཀན་ལྷོ་འཛུགས་སྐྲུན་གྱི་རེ་བ་ཆེན་པོ་བཅངས་ཡོད།

དུས་ཚོགས་གསུམ་པོ་མགོ་རྩོམ་པའི་མཛད་སྒོའི་སྟེང་། ཐེ་བོ་རྫོང་གི“ཀྲུང་གོའི་གྱད་མིའི་ཕ་ས”དང“ཀན་སུའུ་ཞིང་ཆེན་མི་རིགས་ལུས་རྩལ་གྱི(གྱད་མི)ཁྱབ་གདལ་གནས་གཞི”ལ་སྒོ་བྱང་བཀལ་བ་མ་ཟད། རིག་རྩལ་འཁྲབ་སྟོན་དང་མི་མགོ་སྟོང་གི་སྐོར་བྲོ་སོགས་ལ་བརྟེན་ནས་ཐེ་བོའི་དམངས་སྲོལ་རིག་གནས་ཕྱི་རུ་ངོམ་ཡོད།

ཨ་མེ་རི་ཁ་དང་ཨུ་རུ་སི། ཁན་ན་སྒྲ། དབྱིན་ཇི། ཧ་སག་ཁི་སི་ཐན། ཨོ་སི་ཁྲི་རི་ཡ་དང་ཀྲུང་གོ་སོགས་རྒྱལ་བཅུ་ཡི་འཐུས་ཚབ་རུ་ཁག་ནས་ཡོང་བའི་འཛམ་གླིང་རིམ་པའི་གྱད་མི27དང་། ཨ་མདོའི་ས་ཁུལ26ནས་འོང་བའི་འཐུས་ཚབ་རུ་ཁག་གི་ལུས་རྩལ་འགྲན་ཞུགས་པ170ཐེངས་འདིའི་ལུས་རྩལ་འགྲན་སྡུར་ལ་ཞུགས་ཡོད་ཅིང་། མགོ་རྩོམ་པའི་མཛད་སྒོ་མཇུག་བསྒྲིལ་རྗེས། ལུས་རྩལ་བ་ཚོས་ཨ་ཐི་ལ་སི་འགྱོག་རྡོ་དང་། ལྗིད་དངོས་སྤོ་སྒུལ། རླངས་འཁོར་འཐེན་པ་སོགས་ཀྱི་འགྲན་སྡུར་སྣ་ཁ19ཚ་ཚ་འུར་འུར་གྱིས་སྤེལ་འགོ་བརྩམས་པ་རེད། །


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་ཆུ་ལོག་དང་ཞོད་སྐྱོན་སྔོན་འགོག་ཡག་པོ་བྱེད།
  • ལེ་ཚན་རྗེས་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།