ལི་ཐང་རྫོང་གིས་ཆུ་ལོག་དང་ཞོད་སྐྱོན་སྔོན་འགོག་ཡག་པོ་བྱེད།

ཀུན་དགས་བསྒྱུར།        2017-07-04

ཉེ་ཆར། ལི་ཐང་རྫོང་གིས་རྒྱུན་མཐུད་དུ་དྲག་ཆར་འབབ་པར་མ་ཟད། གློག་འཁྱུག་ཅིང་། རླུང་འཚུབ་པ་དང་སེར་བ་རྒྱག་པའི་གནས་ཚུལ་ལ་དམིགས་ཏེ།བྱེད་ཐབས་སྣ་མང་སྤྱད་ནས་ཁྱོན་ཡོངས་སུ་གྲོང་ཁུལ་གྱི་ཆུ་ལོག་དང་ཞོད་སྐྱོན་སྔོན་འགོག་གི་ལས་ཀ་དམ་འཛིན་ཡག་པོ་བྱས་པ་རེད།

རྫོང་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་འཛུགས་སྐྲུན་ཅུས་ཀྱིས་དུས་ཐོག་ཏུ་ཆུ་ལོག་སྔོན་འགོག་གི་བབ་བསྟུན་གྲབས་གཤོམ་ཇུས་གཞིའི་ལས་ཀ་སྤེལ་འགོ་བཙུགས་ནས་ཅུས་ཡོངས་ཀྱི་ལས་བཟོས་ཆུ་ཚོད24ལ་བཀའ་བསྒུག་དགོས་པའི་རེ་བ་བཏོན་པ་རེད།   ཐེངས་འདིའི་ཆར་ཆུ་འབབ་ཚུལ་ལ་དམིགས་ཏེ་རྫོང་གྲོང་ཁྱེར་དོ་དམ་ཅུས་ཀྱིས་ལས་སྒྲུབ་མི་སྣ་སྒྲིག་འཛུགས་བྱས་ནས་རྫོང་ཁོངས་ནང་གི་ཆུ་ལོག་བཤང་ལམ་གཙོ་བོར་ལས་རེས་སྡོད་སྲུང་བྱ་དགོས་པ་དང་།  འདོན་འཇུག་འཕྲུལ་འཁོར་དང་། རྐོ་འདྲུའི་འཕྲུལ་འཁོར།   གད་སྙིགས་འབོར་འཁོར་སོགས་འཕྲུལ་འཁོར་སྣ་ཚོགས་ཀྱིས་ནམ་ཡང་བཀའ་བསྒུག་དགོས་པ།   གནོད་སྐྱོན་གྱི་གནས་ཚུལ་བྱུང་མ་ཐག་གོང་ལ་སྙན་སེང་ཞུ་བ་དང་ཐག་གཅོད་ནུས་ལྡན་བྱ་དགོས། རྫོང་འཛུགས་སྐྲུན་དོ་དམ་ས་ཚུགས་ཀྱིས་རྫོང་ཡོངས་ཀྱི་སྡོད་ཁང22དང་གྲོང་ཁྱེར་ཨར་ལས་སྡེ་ཚན་གྱིས་དུས་ཐོག་ཏུ་ཆུ་ལོག་སྔོན་འགོག་གི་སྡོད་རེས་ལས་ཀ་བཀོད་སྒྲིག་བྱེད་པ་དང་།ཨར་ལས་རྒྱག་ཡུལ་གྱི་ཆུ་གཏོང་མ་ལག་ཐོགས་འགག་མེད་པ་སྲུང་འཛིན་དང་བབ་བསྟུན་གྲབས་གཤོམ་ཇུས་གཞི་དུས་ཐོག་དང་ནུས་ལྡན་བསྒྲུབ་དགོས་པའི་བརྡ་ཐོ་བཏང་བ་རེད།

ཞོད་སྐྱོན་སྔོན་འགོག་གི་སྐབས་སུ་རྫོང་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་འཛུགས་སྐྲུན་ཅུས་ཀྱིས་སྔོན་རྗེས་སུ་ལས་སྒྲུབ་མི་སྣ110ལྷག་དང་རིགས་སྣ་ཚོགས་ཀྱི་འཕྲུལ་འཁོར20ལྷག་མངགས་གཏོང་དང་། ཆུ་ལམ10ལྷག་གཤོང་བ། ཆུ་རྐ་སྤྱི་ལེ8དང་གད་སྙིགས་སྣ་ཚོགས་ཏུན20ལྷག་གཙང་འཕྱག་བྱས་པ་རེད། ཁམས་པའི་ཁྲོམ་ལམ་དང་མུ་ལ་ཁྲོམ་ལམ་སོགས་ཀྱི་ལམ་ངོས་སྨི་གྲུ་བཞི་མ1100ལྷག་གཙང་འཕྱག་བྱས། མིག་སྔར་དྲག་ཆར་གྱིས་རྫོང་ཁུལ་གྱི་ཡུལ་མིའི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་བཟོས་མེད་པ་རེད།། 


  • ལེ་ཚན་སྔོན་མ།:དཀར་མཛེས་གློག་འདོན་སྤྱི་གཉེར་ཁང་གིས་ཆུ་ལོག་སྔོན་འགོག་དང་གློག་འདོན་འགན་སྲུང་བྱས།
  • ལེ་ཚན་རྗེས་མ།:2017ལོའི་ཐེ་བོའི་རྒྱལ་སྤྱིའི་གྱད་མི་ཀྲུང་གོའི་ཡོངས་བསྒྲགས་འགྲན་སྡུར་སྤེལ་འགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།