པར་རིས་གསར་འགྱུར།

དབྱངས་ཅན་གྱིས་བསྒྱུར།        2017-06-22

     ཉག་ཆུ་རྫོང་གིས་ཞིང་སྡེའི་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ཐོན་སྐྱེད་ཡོང་བའི་ལས་ཀ་སྒྲུབ་ཤུགས་ཆེ་རུ་བཏང་ནས་འགྲིམ་འགྲུལ་གྱི་བྱུར་རྐྱེན་སྔོན་འགོག་དང་ཉུང་དུ་གཏོང་གང་ཐུབ་བྱས་ནས། རྒྱ་ཆེ་བའི་མི་དམངས་མང་ཚོགས་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་སྐབས་དང་། ཆུ་འབྲུབ་པའི་དུས་སྐབས།འཛུགས་སྐྲུན་ཨར་ལས་མང་བའི་དུས་སྐབས་སོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཁག་ཐེག་བྱེད་ཆེད། ཉག་ཆུ་རྫོང་གིས་མི་སྣ་སྒྲིག་འཛུགས་བྱས་ཏེ་གཞུང་ལམ་ཉེན་མེད་ཡོང་བའི་དག་བཅོས་ལས་ཀ་སྤེལ་བ་རེད།    ཉེ་ཆར། རྫོང་དེའི་གཞུང་ལམ་བདག་བཅོས་ས་ཚུགས་ཀྱིས་རྫོང་དང་ཤང་གི་གཞུང་ལམ་སྤྱི་ལེ190ཙམ་གྱི་མངོན་མེད་རྐྱེན་ངན་གཙང་བཤེར་བྱས་པར་མ་ཟད། ཉེན་ཁ་ཆེ་བའི་ས་ཁུལ་གྱི་གཞུང་ལམ་དུམ་བུའི་ལམ་ཀྱོག་དང་། གྱེན་ལམ། ཐུར་ལམ། བྱེ་རྡོ་ལམ་འཕྲད་ལ་གཟབ་དགོས་པ་སོགས་ཀྱི་འགྲིམ་འགྲུལ་ཉེན་མེད་ཡོང་བའི་རྒྱ་བོད་སྐད་གཉིས་ཀྱི་ཉེན་ཟོན་བྱང་བུ་བཙུགས་ནས་གཞུང་ལམ་ཉེན་མེད་ཡོང་བར་འགན་སྲུང་བྱས།

     པར་རིས་གསར་འགྱུར།
ཐེངས་འདིའི་གཙང་བཤེར་ལས་ཀའི་ཁྲོད་སྔར་ཡོད་ཀྱི་རྨང་གཞིའི་ཐོག་མངོན་མེད་རྐྱེན་ངན་གྱི་དོགས་གནས་ཡོད་སར་ཉེན་ཟོན་མཚོན་རྟགས་དང་བྱང་བུ་ཁག
46བཙུགས་པར་མ་ཟད། གཞུང་ལམ་བརྒྱུད་ཡུལ་དུ་བདེ་འཇགས་སྐོར་གྱི་མངོན་མེད་རྐྱེན་ངན་གྱི་མཚོན་རྟགས་ཁག200བྲིས་པ་དང་། འདོན་འཇུག་འཕྲུལ་འཁོར10མངག་གཏོང་བྱས་ནས་མིའི་ཐེངས་གྲངས50སྒྲིག་འཛུགས་བྱས་པ་རེད།།


  • ལེ་ཚན་སྔོན་མ།:ཕྱག་ཕྲེང་རྫོང་ཁྱད་ཆོས་ལྡན་པའི་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་སྐྱོད།
  • ལེ་ཚན་རྗེས་མ།:སྡེ་དགེ་རྫོང་དབོན་པོ་སྟོད་ཤང་བཀྲ་ཤིས་སྟོན་སྡེའི་གཡུ་འབན་ལུང་ཚོ་ཆུང་དུ་དབུལ་ཐར་གྱི་གྲོང་བགྲོད་གཞུང་ལམ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།