ཕྱག་ཕྲེང་རྫོང་ཁྱད་ཆོས་ལྡན་པའི་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་སྐྱོད།

དབྱངས་ཅན་གྱིས་བསྒྱུར།        2017-06-22

     ཉེ་ཆར། གྲོང་སྡེ་དབུལ་ཕོངས་དང་དུད་ཚང་དབུལ་ཕོངས་དབུལ་ཐར་ཡོང་བར་སྐུལ་འདེད་གཏང་ཆེད། ཕྱག་ཕྲེང་རྫོང་གིས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་དམ་འཛིན་བྱས་ཏེ་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏང་རྒྱུ་དེ་གཙོ་གནད་བྱས་མཐར། གྲོང་སྡེ་དབུལ་ཕོངས་ལ་དབུལ་ཐར་འགག་སྒྲོལ་གྱི་སྒུལ་ཤུགས་དེ་བས་འདང་ངེས་བྱས་ནས་དུད་ཚང་དབུལ་ཕོངས་དབུལ་ཐར་འབྱོར་འབྲིང་གི་ལམ་དུ་སྐྱོད་བཅུག་པ་རེད།

     རྫོང་དེས་དབུལ་ཕོངས་གྲོང་སྡེའི་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་གཅིག་བསྡུས་ཀྱིས་བེད་སྤྱོད་བཏང་ནས། དབུལ་ཕོངས་གྲོང་སྡེའི་ད་ཡོད་ཀྱི་ས་ཞིང་དང་ངལ་རྩོལ་མི་ལག་སོགས་ཐར་ཐོར་གྱི་ཐོན་ཁུངས་ཕྱོགས་བསྡུས་དང་ཐོན་ཁུངས་གཅིག་བསྡུས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཐུན་མོང་གི་ཐོན་ལས་འཕེལ་རྒྱས་བཏང་ནས་ཐུན་མོང་གི་དཔལ་འབྱོར་རྒྱ་སྐྱེད་གཏོང་བའི་དུས་མཚུངས་སུ།  ཕྱག་ཕྲེང་གི་གནམ་གཤིས་དང་ཐོན་ཁུངས་སོགས་ཀྱི་དགེ་མཚན་ལྡན་པའི་ཆ་རྐྱེན་དང་ཟུང་འབྲེལ་བྱས་ཏེ། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ས་ཁོངས་ཡོངས་སུ་ཡུལ་སྐོར་ཐོན་ལས་དང་། ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་ལས། འོད་ཤུགས་ཐོན་ལས་སོགས་ཐོན་ལས་ཆེན་པོ་གསུམ་འཕེལ་རྒྱས་གཏང་རྒྱུའི་བླང་བྱ་ལྟར། ཡུལ་སྐོར་དང་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་ལས་གཙོ་བོར་བྱས་ཏེ། སྔོ་ཚལ་དང་། ཤིང་ཏོག ཡུངས་དཀར། གནག་ཕྱུགས   བོད་ཕག བོད་བྱ། སེར་པན་སོགས་འདེབས་གསོ་ལས་རིགས་དང་། ཡུལ་མིའི་ཁྱིམ་གཞིས་སྣེ་ལེན་ཁང་དང་གྲོང་གསེབ་མགྲོན་ཁང་འཕེལ་རྒྱས་གཏང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད། ཤིང་ཏོག་ཆུང་གྲས་དང་སྔོ་ཚལ་མུའུ་ཁྲི0.55འདེབས་འཛུགས་བྱ་རྒྱུ་དང་།  སྨན་རྩྭ་མུའུ300གསར་སྣོན། རྩེ་གྲ་ཅན་གྱི་ཡུལ་མིའི་སྣེ་ལེན་ཁང20འཕེལ་རྒྱས་བཏང་བའི་དུས་མཚུངས་སུ།   འདེབས་གསོ་དང་ཡུལ་སྐོར་སོགས་ཆེད་ལས་མཉམ་ལས་རྩ་འཛུགས་གསོ་སྐྱོང་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཤིང་། ཆེད་ལས་མཉམ་ལས་རྩ་འཛུགས་དང་དབུལ་ཕོངས་གྲོང་སྡེ་འཕེལ་རྒྱས་ཡོང་བའི་སྒུལ་ཤུགས་གོང་བུར་གཅིག་ཏུ་བསྒྲིལ་བར་བརྒྱུད། ད་ལོར་དབུལ་ཕོངས་ལས་ཐར་གྲབས་ཡོད་པའི་གྲོང་སྡེ9ཚང་མས་འདེབས་གསོ་ལས་རིགས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་བཙུགས་ཡོད་པ་རེད།

      མིག་སྔའི་བར་དུ་རྫོང་ཡོངས་སུ་ཆེད་ལས་མཉམ་ལས་རྩ་འཛུགས55བཙུགས་ཡོད། སྲིད་གཞུང་གིས་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཏེ་གྲོང་སྡེ་དབུལ་ཕོངས་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཡོང་བ་དང་། གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཞིབ་བཤེར་རྩིས་ལེན་བྱེད་པའི་དམིགས་ཚད་ལས་བརྒལ་བས་འབྱུང་འགྱུར་གྱི་མདུན་ལམ་དེ་བས་ཡག་པོ་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་དབུལ་སྐྱོར་མ་དངུལ་སྤྱོད་ཚུལ་གསོ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:པར་རིས་གསར་འགྱུར།
  • དོ་སྣང་ཆེ་བའི་རྩོམ།