2020-05-15
སྤྱི་ཟླ5པའི་ཚེས11ཉིན་གསར་འགོད་པས་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་གྲོས་གཞི་གྲོས་འགོ་ཚོ་ཆུང་ནས་ཤེས་རྟོགས་བྱུང་བར། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་གྲོས་གཞི་མཚམས་འཇོག་པའི་དུས་ཚོད་ནས་སྤྱི་ཟླ5པའི་ཚེས11ཉིན་གྱི་སྔ་དྲོའི་ཆུ་ཚོད10པའི་བར་ཚོགས་ཆེན་ལ་ཁྱོན་གྲོས་གཞི་ཁག17འབྱོར་ཡོད། ཞིབ་བཤེར་བྱས་པར་བརྒྱུད་གྲོས་གཞི་ཁག17ཏེ་གཏན་འབེབས་དང་མཐུན་པ་རེད། གྲོས་གཞི་ཁག་དེ་དག་ནི་ཏོག་གསར་གློ་རིམས་འགོག་བཅོས་ཚོད་འཛིན་གྱི་ཆེད་དོན་ལས་དོན་སྙན་སྒྲོན་ལ་ཉན་རྒྱུ་དང་དེར་གྲོས་ཞིབ་བྱ་རྒྱུ་དེ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི2020ལོའི་ལྟ་སྐུལ་ལས་དོན་གྱི་གཙོ་གནད་དུ་བརྩི་རྒྱུའི་སྐོར་གྱི་གྲོས་གཞི་དང《སི་ཁྲོན་ཞིང་ཆེན་གྱི་འབྲུ་རིགས་བདེ་འཇགས་འགན་ལེན་སྲོལ་ཡིག》བཟོ་རྒྱུའི་སྐོར་གྱི་གྲོས་གཞི། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཁྲིམས་འཛིན་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་གྲོས་གཞི་སོགས་ཡིན་པ་རེད།
མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ནི་འཐུས་མི་ཚོས་དོ་ཁུར་བྱེད་པའི་གཙོ་གནད་ཅིག་ཡིན་ཞིང་། ཁྲེན་ཝུའེ་ལེའང་སོགས་འཐུས་མི10ལྷག་ཙམ་གྱིས་མཉམ་འབྲེལ་ཐོག་ཏོག་གསར་གློ་རིམས་འགོག་བཅོས་ཚོད་འཛིན་གྱི་ཆེད་དོན་ལས་དོན་སྙན་སྒྲོན་ལ་ཉན་པ་དང་གྲོས་ཞིབ་བྱ་རྒྱུ་དེ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི2020ལོའི་ལྟ་སྐུལ་ལས་དོན་གྱི་གཙོ་གནད་དུ་བརྩི་རྒྱུ་དང་། 《སི་ཁྲོན་ཞིང་ཆེན་གྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྲོལ་ཡིག》བཟོས་ནས་མིག་སྔར་རང་རེའི་ཞིང་ཆེན་གྱི་ཏོག་གསར་གློ་རིམས་འགོག་བཅོས་ཚོད་འཛིན་གྱི་འཚུབ་བསྟུན་ལས་དོན་གྱི་གནས་ཚུལ་ལ་དམིགས་ཏེ་རང་རེའི་ཞིང་ཆེན་གྱིས་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ས་གནས་རང་བཞིན་གྱི་སྒྲིག་སྲོལ་དེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དུ་གང་མགྱོགས་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རང་རེའིཞིང་ཆེན་གྱིས་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ཁྲིམས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཏོག་གསར་གློ་རིམས་ཚུད་པའི་ཛ་དྲག་གི་རིམས་ནད་གནས་ཚུལ་སོགས་ཐོལ་བྱུང་དོན་རྐྱེན་ཐོན་པར་ཁྲིམས་ལྟར་ཁ་གཏད་དེ་བས་ལེགས་པ་གཅོག་པར་ཕན་པ་ཡོད་པ་རེད། འཐུས་མི་ཚོས་ད་དུང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་དང་དེ་བཞིན་རང་ཞིང་གི་ལག་བསྟར་བྱ་ཐབས་ལ་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་འབྲེལ་ཁྲིམས་འཛིན་ཞིབ་བཤེར་བྱ་རྒྱུ་དེ་རང་ཞིང་གི་རིམས་ནད་ཚབས་ཆེན་འགོག་བཅོས་ཚོད་འཛིན་ལམ་ལུགས་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་བ་དང་དེ་བཞིན་རང་ཞིང་གི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གལ་ཆེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་གལ་ཆེན་ཞིག་ཏུ་བརྩི་དགོས་པའི་གྲོས་འགོ་བཏོན་པ་རེད། འཐུས་མི་ཚོས་ད་དུང་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་དོ་ཁུར་བྱེད་ཀྱི་ཡོད། འཐུས་མི་ཁྲེན་ཝུའེ་ལེའང་སོགས་ཀྱིས་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་འབྲེལ་ཡོད་ཆེད་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱ་རྒྱུ་དེ2020ལོའི་ཁྲིམས་ལྟར་ལྟ་སྐུལ་ལས་དོན་གྱི་གཙོ་གནད་དུ་བརྩི་བ་དང་འབྲེལ་ཞིང་ཆེན་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་འབྲེལ་ཡོད་སྤུས་ཚད་མཐོ་བའི་སྒོ་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་འབྲེལ་ཡོད་ཕྱོགས་ཀྱི་ཆེད་དོན་ལས་དོན་སྙན་སྒྲོན་ལ་དུས་ཐོག་ཏུ་ཉན་པ་དང་གྲོས་ཞིབ་བྱས་པར་བརྒྱུད་རང་རེའི་ཞིང་ཆེན་གྱི་དུས་མཚམས་རྗེས་མར་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་ཆེད་དོན་ལས་དོན་ལ་ཁྲིམས་ལྟར་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།། (ཀུན་དགས་བསྒྱུར།)
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10