སྡེ་དགེ་རྫོང་གིས2020ལོའི་གྲོང་སྡེ་རིམ་པའི་སློབ་སྔོན་སྐད་གཉིས་ཟུར་ཁྲིད་པ་རྩ་འཛུགས་བྱས་ནས་རིག་ཚན་ཤེས་བྱའི་ཆུ་ཚད་ཞིབ་དཔྱད་ཚད་ལེན་བྱས།

སྡེ་དགེ་རྫོང་སྨྱན་སྦྱོར་ལྟེ་གནས་ནས།        2020-04-29

སྡེ་དགེ་རྫོང་གིས2020ལོའི་གྲོང་སྡེ་རིམ་པའི་སློབ་སྔོན་སྐད་གཉིས་ཟུར་ཁྲིད་པ་རྩ་འཛུགས་བྱས་ནས་རིག་ཚན་ཤེས་བྱའི་ཆུ་ཚད་ཞིབ་དཔྱད་ཚད་ལེན་བྱས།

    སྡེ་དགེ་རྫོང་གིས་གྲོང་སྡེ་རིམ་པའི་སློབ་སྔོན་སྐད་གཉིས་ཟུར་ཁྲིད་པའི་ཆེད་ལས་ཤེས་བྱའི་ཆུ་ཚད་ཁྱོན་ཡོངས་ནས་གསལ་རྟོགས་དང་། ཕྱིན་ཆད་ཀྱི་གསོ་སྦྱོང་ལས་དོན་ཡག་པོ་བསྒྲུབ་ཆེད། སྡེ་དགེ་རྫོང་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་སྤྱི་ཟླ4པའི་ཚེས19ཉིན་ཁྲོ་ལའི་མགྲོན་ཁང་དུ2020ལོའི་གྲོང་སྡེ་རིམ་པའི་སློབ་སྔོན་སྐད་གཉིས་ཟུར་ཁྲིད་པ་དག་གི་རིག་ཚན་ཤེས་བྱའི་ཆུ་ཚད་ཞིབ་དཔྱད་ཚན་ལེན་བྱས་པ་རེད།

    སྤྱི་ཟླ4པའི་ཚེས18ཉིན་གྱི་སྔ་དྲོར། རྫོང་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་རྒྱུགས་སྤྲོད་ལས་ཀའི་གསོ་སྦྱོང་གྲོས་ཚོགས་འཚོགས་པར་མ་ཟད། ཉིན་དེའི་ཕྱི་དྲོར་སྡེ་དགེ་རྫོང་སློབ་འབྲིང་དུ་རྒྱུགས་སྤྲོད་སློབ་མའི་ཡིག་རྒྱུགས་སྤྲོད་སྔོན་གྱི་སློབ་གསོ་སྤྲོད་རྒྱུ་སྒྲིག་འཛུགས་བྱས་པ་རེད།སྤྱི་ཟླ4པའི་ཚེས19ཉིན་གྱི་ཞོགས་པར། རྒྱུགས་སྤྲོད་ལྟ་ཞིབ་པས་ཐོག་མར་རྒྱུགས་སྤྲོད་མཁན་སློབ་མ་ཚོའི་ལུས་པོའི་དྲོད་ཚད་ལྟ་དཔྱད་བྱས་རྗེས། དེ་ནས་རྒྱུགས་སྤྲོད་མཁན་སློབ་མ་ཚོ་རྩ་འཛུགས་བྱས་ནས་གོ་རིམ་ལྡན་པའི་སྒོས་རྒྱུགས་རར་ཞུགས་བཅུག་པ་རེད། རྒྱུགས་སྤྲོད་རིང་དུ་རྫོང་དམངས་ཆེན་དང་སྲིད་གྲོས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན། རྫོང་ཨུའི་རྩ་འཛུགས་པུའུ། རྫོང་དྲིལ་བསྒྲགས་པུའུ། རྫོང་སློབ་གསོ་དང་ལུས་རྩལ་ཅུས། རྫོང་སྤྱི་བདེ་ལས་ཁུངས། རྫོང་གསང་སྲུང་ཅུས་སོགས་སྡེ་ཁག་ལས་གྲུབ་པའི་རྒྱུགས་ལེན་སྐོར་ཞིབ་ཚོ་ཆུང་གིས་གོ་རིམ་ཡོངས་སུ་རྒྱུགས་ལེན་སྐོར་ཞིབ་བྱས་ནས། ཡིག་རྒྱུགས་སྤྲོད་པའི་ལས་ཀ་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱས་པ་རེད།སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་པར་བརྟེན། ཡིག་རྒྱུགས་སྤྲོད་པའི་བརྒྱུད་རིམ་ཧྲུལ་པོར་ལེགས་འགྲུབ་བྱུང་ནས་སྒྲིག་འགལ་གྱི་གནས་ཚུལ་གཅིག་ཀྱང་བྱུང་མེད་པ་རེད།

    ཡིག་རྒྱུགས་སྤྲོད་པའི་སྐབས་སུ། རྫོང་ཨུའི་རྒྱུན་ཨུ་སྐལ་བཟང་ཚེ་རིང་དང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ལིའུ་ཁྲང་ཐའེ་ཡིག་རྒྱུགས་བཀོད་འདོམས་ལྟེ་གནས་སུ་ཕྱིན་ནས་ཡིག་རྒྱུགས་ལས་དོན་སྐོར་མཛུབ་ཁྲིད་ཞིབ་ཚགས་བྱས་པ་དང་ཆབས་ཅིག རྫོང་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣ་དང་མཉམ་དུ་ཡིག་རྒྱུགས་ལས་དོན་ཁང་དང་རྒྱུགས་ར་སོ་སོར་ཕྱིན་ནས་སྐོར་ཞིབ་ནན་པོ་བྱས་པ་རེད།

    ཐེངས་འདིར་ཡིག་རྒྱུགས་སྤྲོད་པར་བརྒྱུད། ཡིག་རྒྱུགས་ལ་བརྟེན་ནས་སློབ་གསོ་བྱ་རྒྱུ་སྐུལ་མ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱུང་ནས། གྲོང་སྡེ་རིམ་པའི་སྐད་གཉིས་ཟུར་ཁྲིད་པའི་སློབ་ཁྲིད་བྱེད་ནུས་དང་ཆེད་ལས་ཤེས་བྱ་རིག་གནས་ཀྱི་ཡོན་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:དུད་ཚང་དབུལ་ཕོངས་གསལ་དྭངས་ཚང་ཕྱུག་པོར་ཆགས་པའི་བསམ་དོན་འགྲུབ།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གི་གྲོང་ཚོ་དབུལ་པོ129ཚང་མ་དབུལ་སྒྲོལ་ཐུབ་པ།
  • དོ་སྣང་ཆེ་བའི་རྩོམ།