དུད་ཚང་དབུལ་ཕོངས་གསལ་དྭངས་ཚང་ཕྱུག་པོར་ཆགས་པའི་བསམ་དོན་འགྲུབ།

དབྱངས་ཅན་གྱིས་བསྒྱུར།        2020-04-29

དུད་ཚང་དབུལ་ཕོངས་གསལ་དྭངས་ཚང་ཕྱུག་པོར་ཆགས་པའི་བསམ་དོན་འགྲུབ།

   ཉེ་ཆར། སྨྱུག་འཛིན་པ་གསལ་དྭངས་སྲན་བཀགས་ཚོང་ཁང་དུ་བསླེབས་སྐབས། གསལ་དྭངས་ཀྱིས་བྲེལ་བ་བྱེད་ཞོར་ཤེལ་ཁྲལ་གྱི་རྒྱབ་ནས་གསར་འགོད་པར་དགའ་སྤྲོའི་ངང་ང་རང་གི་སྲན་བཀགས་ལ་གསང་ཐོ་ཅི་ཡང་མེད། མ་དངུལ་སྤྱད་ནས་རྒྱུ་ཆ་སྤུས་དག་ཉོ་བྲ་ན་བྲོ་བ་ཡག་པོ་ཡོད་རྒྱུ་ནི་སྨོས་ཅི་དགོས་ཞེས་བཤད། གསལ་དྭངས་ཀྱི་སྐད་ཆ་དྲང་པོ་དེ་མོ་རང་གི་རང་གཤིས་དང་སྤུས་ལེགས་བཟའ་བཅའ་བཟོ་བའི་འདུ་ཤེས་མཚོན་ཐུབ་པ་རེད།

   གསལ་དྭངས་ཀྱི་འདུག་རོགས་ཀྱིས་སྐད་ཆའི་བར་འཚང་བརྒྱབ་ནས་ང་ཚོས་ཞིབ་ཚགས་ཀྱི་ལས་ཀ་སྒྲུབ་གང་ཐུབ་བྱེད་བཞིན་ཡོད། དཔེར་ན་སྲན་མའི་སོན་རྒྱུ་གང་ཡག་འདེམས་ཉོ་བྱས་ནས་འགྲུལ་པ་ཚོར་བྲོ་བ་དེ་བས་ཞིམ་པོ་དང་གཙང་མ་ཡང་དག་གི་སྤུས་ལེགས་སྲན་བཀགས་མཁོ་འདོན་བྱས་ན། ད་གཟོད་གསལ་དྭངས་སྲན་བཀགས་དེ་ཁྱད་ཆོས་ལྡན་པའི་བཟའ་བཅའ་ཞིག་ཏུ་གྱུར་ཐུབ་པ་རེད། དབྱར་ཁར་ཉིན་རེར་ཕལ་ཆེར་སྲན་བཀགས་གཞོང་པ20རེ་དང་དགུན་ཁར་ཉིན་རེར་སྲན་བཀགས་གཞོང་པ་བརྒྱད་དགུ་ཙམ་འཚོང་ཐུབ། ད་ལྟ་ཚོང་ཇེ་ཡག་ཇེ་དགའ་གྱུར་ནས་ཉིན་རེའི་ཆུ་ཚོད་བཅུ་གཉིས་ཐོག་སྲན་བཀགས་ཡོངས་རྫོགས་འཚོང་ཐུབ་པ་རེད། ཟ་མཁན་ཡང་ཇེ་མང་མང་དུ་འགྲོ་བཞིན་འདུག་པས། ཕྱིན་ཆད་གཙང་སྦྲ་དང་བྲོ་རྫས་ཇེ་ཡག་བྱས་ནས་འགྲུལ་པ་དེ་བས་མང་པོར་སྲན་བཀགས་མྱོང་རོལ་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད།

གསལ་དྭངས་བཟའ་མི་གཉིས་ཀྱིས་བྲེལ་བ་བྱེད་བཞིན་པའི་རྣམ་པ་དེར་མཐོང་སྐབས། ལོ་འགའ་ཡི་སྔོན་ལ་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས་དེ་ད་ལྟར་སྲིད་གཞུང་གི་རོགས་རམ་འོག རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཁྱད་ཆོས་ལྡན་པའི་སྲན་བཀགས་ཚོང་གཉེར་བྱས་ཏེ་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ཡག་ཇེ་དགའ་ལ་འགྲོ་ཐུབ་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། གསལ་དྭངས་ནི་དཀར་མཛེས་རྫོང་སྲིབ་ངོ་ཡུལ་ཤོག་གཞི་བརླིང་གྲོང་སྡེའི་མི་ཡིན། 2014ལོར་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཞག་ཡོད། ཁྱིམ་མི་བཞི་པོའི་ནང་ཕྲུ་གུ་གཉིས་ཡོད་པ་དེ་སློབ་གྲྭར་འགྲོ་བཞིན་པ་དང་། ཁྱིམ་མི་ཡོངས་རྫོགས་མུའུ10ལས་མེད་པའི་ས་ཞིང་ལ་བརྟེན་ནས་འཚོ་གནས་བྱེད་དགོས་པས་འཚོ་བའི་དཀའ་ངལ་ཧ་ཅང་ཆེ་བ་རེད། གྲོང་སྡེར་བཅའ་སྡོད་བྱེད་པའི་ལས་སྒྲུབ་རུ་ཁག་གྲོང་སྡེ་དང་དུད་ཚང་དུ་ལྟ་སྐོར་བྱེད་སར་ཐེངས་ཤིག་ཕྱིན་སྐབས། ཧྲུའུ་ཅི་དང་པོ་ཀྲུའུ་ཅེ་གསལ་དྭངས་ཚང་དུ་ཕྱིན་སྐབས་མོ་རང་ལ་སྲན་བཀགས་བཟོ་བའི་ལག་ཤེས་ཡོད་པ་ཤེས། དེ་ནས་ལས་སྒྲུབ་རུ་ཁག་གིས་གསལ་དྭངས་ཀྱིས་བཟོས་པའི་སྲན་བཀགས་ལ་བྲོ་བ་ཐེངས་མང་མྱོང་བར་བརྒྱུད། ཀྲུའུ་ཅེ་ཡིས་གསལ་དྭངས་ལ་རྫོང་མཁར་དུ་སྲན་བཀགས་ཚོང་ཁང་ཞིག་འཛུགས་རྒྱུའི་དྲན་སྐུལ་བྱས། དེ་ནས་བཟུང་གསལ་དྭངས་ཀྱིས་རྫོང་མཁར་དུ་ཁྱད་ཆོས་ལྡན་པའི་སྲན་བཀགས་ཚོང་གཉེར་བྱས་པ་རེད།

   དེང་སང་གསལ་དྭངས་ཀྱི་སྲན་བཀགས་ཚོང་ལམ་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བཞིན་པ་རེད། གསལ་དྭངས་ཀྱིས་དུད་ཚང་དབུལ་ཕོངས་ཀྱི་གྲས་སུ་བཞག་པ་ནི་གཟི་བརྗིད་ལྡན་པ་ཞིག་ག་ལ་ཡིན། ད་ལྟར་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པས། ང་ཚོ་མི་སེར་དཀྱུས་མ་ཚོས་དེ་བས་རང་སྟོབས་རང་སྤེལ་བྱ་དགོས་པ་རེད་མ་གཏོགས་ཁྱིམ་དུ་བདེ་བ་སྡོད་ན་འབྲས་བུ་འབྱུང་སྲིད་རྒྱུ་མ་རེད། ད་ལྟར་གཏན་འཇགས་ཀྱི་ཡོང་སྒོ་ཡོད་པས་ཕྲུ་གུ་ཚོའི་འགྲོ་སོང་ཡང་སེམས་ཁྲལ་བྱ་མི་དགོས་པ་རེད། ཁྱིམ་མི་ཚོ་ད་དུང་སྡོད་ཁང་གསར་པར་སྤོས་ནས་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད་ཅེས་བཤད་པ་རེད། 2015ལོར་གསལ་དྭངས་ཚང་གི་དུད་ཚང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པ་བྱུང་།2019ལོར་ད་དུང་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་ཕྱུག་འགྱུར་གྱི་མིག་དཔེ་ལྟ་སར་བདམས་ཐོན་བྱུང་ཡོད་པ་རེད།

   གཞི་བརླིང་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཀྲུའུ་ཅེས་ངོ་སྤྲོད་བྱས་པར་གཞིགས་ན། གསལ་དྭངས་ཚང་གིས་སྲན་བཀགས་འཚོང་ནས་ལོ་རེའི་ཡོང་འབབ་ཁེར་གཙང་སྒོར་ཁྲི10ཡན་ལ་སླེབས་ཐུབ། གསལ་དྭངས་ཚང་ཕྱུག་འགྱུར་བྱུང་རུང་སེམས་ལ་གྲོང་སྡེ་མི་བརྗེད་ནས་གཞི་བརླིང་གྲོང་སྡེའི་སྲན་མ་ཡོད་ཚད་ཉོ་སྒྲུག་བྱས་ཏེ་སྲན་བཀགས་བཟོ་བྱེད་ཀྱི་རྒྱུ་ཆར་བྱས་པ་རེད།

   གསལ་དྭངས་ནི་དཀར་མཛེས་རྫོང་གི་མང་ཚོགས་དབུལ་ཕོངས་དབུལ་ཐར་འབྱོར་འབྲིང་གི་ལམ་དུ་བསྐྱོད་པའི་མཚོན་ཚུལ་ཙམ་ཞིག་ཡིན། དབུལ་ཐར་འགག་སྒྲོལ་ལས་མཇུག་སྒྲིལ་བའི་ལོར་དཀར་མཛེས་རྫོང་གི་ཡུལ་བབས་དང་བསྟུན་ནས་དབུལ་ཐར་འགག་སྒྲོལ་གྱི་ཐབས་ལམ་ཇེ་མང་དང་ཕན་འབྲས་ཐོབ་ཁྱོན་ཇེ་ཆེར་འགྲོ་བཞིན་པ་དང་། དབུལ་ཕོངས་གྲོང་སྡེ་རེ་རེ་བཞིན་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་བྱུང་ནས་ཐུན་མོང་དུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་དུ་བསྐྱོད་ནས། དཀར་མཛེས་རྫོང་གི་ས་གཞི་ཡངས་པོར་མཛེས་སྡུག་གི་རྣམ་པ་བསྐྲུན་བཞིན་པ་རེད།།

  • ལེ་ཚན་སྔོན་མ།:ཁུལ་དབུལ་ཐར་འགག་སྒྲོལ་མགོ་ཁྲིད་ཚོགས་ཆུང་གིས2020ལོའི་ཚོགས་འདུ་ཐེངས་གསུམ་པ་འཚོགས།
  • ལེ་ཚན་རྗེས་མ།:སྡེ་དགེ་རྫོང་གིས2020ལོའི་གྲོང་སྡེ་རིམ་པའི་སློབ་སྔོན་སྐད་གཉིས་ཟུར་ཁྲིད་པ་རྩ་འཛུགས་བྱས་ནས་རིག་ཚན་ཤེས་བྱའི་ཆུ་ཚད་ཞིབ་དཔྱད་ཚད་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།