སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་སེར་ཤུལ་རྫོང་གི་དབྱར་རྩྭ་དགུན་འབུ་རྐོ་གནས་སུ་བསྒྲགས།

ཟླ་བ་སྒྲོལ་མ།        2017-06-01

  

སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་སེར་ཤུལ་རྫོང་གི་དབྱར་རྩྭ་དགུན་འབུ་རྐོ་གནས་སུ་བསྒྲགས།

 

ཟླ་བ5བའི་མཇུག་སེར་ཤུལ་རྫོང་གི་མང་ཚོགས་སྔར་བཞིན་རི་ལུང་བརྒལ་ཏེ་མཚོ་འཕགས་སྨི4500ལྷག་ཡོད་པའི་འབུ་རྐོ་སྡོད་གནས་སུ་སོང་ནས་ལོ་གཅིག་གི་ཡོང་འབབ་ཆེ་ཤོས་དེར་འབད་བཞིན་ཡོད།

   ཟླ་བ5བའི་ཚེས24ཉིན། ཐེངས་བཅུ་གཅིག་པའི་སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་དངོས་སུ་འགོ་ཚུགས་པ་རེད། འོན་ཀྱང་དབྱར་རྩྭ་དགུན་འབུ་རྐོ་གནས་སུ་འགྲིམ་འགྲུལ་དང་འཕྲིན་སྐྱེལ་སོགས་སྟབས་མི་བདེ་བས་རྒྱ་ཆེ་བའི་མང་ཚོགས་ཀྱིས་དུས་ཐོག་ཏང་གི་འཐུས་མི་ཚོགས་ཆེན་གྱི་གནས་ཚུལ་ཤེས་ཀྱི་མེད། མང་ཚོགས་ཁ་ཤས་ཀྱིས་ཁྱེར་བདེ་བརྙན་འཕྲིན་བེད་སྤྱོད་བྱེད་བཞིན་ཡོད་ནའང་སྐད་མི་གོ་བའི་དབང་གིས་ཚོགས་ཆེན་གྱི་དགོངས་དོན་ལ་གོ་བ་ལོན་ཐུབ་ཀྱིན་མེད། དེར་བརྟེན་རྫོང་དྲིལ་བསྒྲགས་པུའུ་ཡིས་སྐད་གཉིས་སྒྲོག་འགྲེལ་ཚོགས་པའི་ལས་བྱེད་པ་དག་རྩ་འཛུགས་བྱས་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་འབུ་རྐོའི་ས་གནས་སུ་ཁྱབ་བསྒྲགས་བྱས་པ་རེད། རྟ་རྒྱབ་སྒྲོག་འགྲེལ་ཚོགས་པའི་མི་སྣ་ཚོསྤྱི་ལེ160ཙམ་སོང་རྗེས་རྩེ་མདའ་གྲོང་སྡེའི་དུང་ཀོ་རུ་ཁག་གི་འབུ་རྐོ་སྡོད་གནས་སུ་ཐོན་ཞིང་དུས་ཚོད་དམ་འཛིན་བྱས་ཏེ་ཚོགས་ཆེན་གྱི་དགོངས་དོན་གོ་སླའི་ཁ་སྐད་ཀྱིས་སྒྲོག་འགྲེལ་བྱས་པ་རེད།

རྩེ་མདའ་གྲོང་སྡེ་ནི་སི་ཁྲོན་དང་མཚོ་སྔོན། ལྷ་ས་བཅས་ཀྱི་ས་མཚམས་སུ་གནས་ཡོད་ཅིང་། དབྱར་རྩྭ་དགུན་འབུ་ཧ་ཅང་མང་བ་དང་དེར་འབུ་རྐོ་རུ་ཡོང་བའི་མི་ཡང་ཤིན་ཏུ་མང་ལ། གཞན་ས་ནས་ཐོན་པའི་མི་ཡང་མང་བས་གྲོང་སྡེ་དེ་ཡི་འགལ་བའི་རྩོད་གཞི་འདུམ་འགྲིག་དང་འབུ་ཚོང་སྒྲིག་ལམ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ཤིན་ཏུ་གལ་ཆེན་ཞིག་གྱུར་ཡོད་པས་ཐེངས་འདིའི་སྒྲོག་འགྲེལ་ཚོགས་འདུ་དང་པོ་འདིར་བཀོད་སྒྲིག་བྱས་པ་རེད། 

སྒྲོག་འགྲེལ་བརྒྱུད་མང་ཚོགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་གོ་བ་རགས་ཙམ་ལོན་ཞིང་སི་ཁྲོན་གྱི་མ་འོངས་པར་ཚོགས་ཆེན་འདིའི་དགོངས་དོན་ལྟར་མང་ཚོགས་ཀྱི་སྲིད་ཇུས་ཇེ་ལེགས་འགྲོ་བ་ཤེས་ནས་ཁོ་ཚོའི་འཚོ་བ་ལ་རེ་བའི་འཛུམ་མདངས་ཀྱིས་ཁེངས་དང་ཆབས་ཅིག་སྒྲོག་འགྲེལ་རུ་ཁག་གི་ལས་སྒྲུབ་མི་སྣ་རྣམས་ལ་བཀའ་དྲིན་ཡང་ཡང་ཞུས་པ་རེད། 

 

  • ལེ་ཚན་སྔོན་མ།:སྐུ་བཅར་ཡོན་ཏན་རྒྱ་མཚོས་ཉག་རོང་རྫོང་དུ་རྟོག་ཞིབ་གནང་ཚེ་རྒྱལ་གཅེས་ཁྲིམས་སྲུང་དང་དབུལ་སྐྱོར་འགག་སྒྲོལ་ཧུར་ཐག་བྱ་དགོས་ཞེས་གསུངས། 
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་སེར་ཤུལ་རྫོང་གི་དབྱར་རྩྭ་དགུན་འབུ་རྐོ་གནས་སུ་བསྒྲགས།
  • དོ་སྣང་ཆེ་བའི་རྩོམ།