སྐུ་བཅར་ཡོན་ཏན་རྒྱ་མཚོས་ཉག་རོང་རྫོང་དུ་རྟོག་ཞིབ་གནང་ཚེ་རྒྱལ་གཅེས་ཁྲིམས་སྲུང་དང་དབུལ་སྐྱོར་འགག་སྒྲོལ་ཧུར་ཐག་བྱ་དགོས་ཞེས་གསུངས། 

        2017-06-01

   སྐུ་བཅར་ཡོན་ཏན་རྒྱ་མཚོས་ཉག་རོང་རྫོང་དུ་རྟོག་ཞིབ་གནང་ཚེ་རྒྱལ་གཅེས་ཁྲིམས་སྲུང་དང་དབུལ་སྐྱོར་འགག་སྒྲོལ་ཧུར་ཐག་བྱ་དགོས་ཞེས་གསུངས། 

    ཟླ་བ5པའི་ཚེས25ཉིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྐུ་བཅར་ཡོན་ཏན་རྒྱ་མཚོ་ཉག་རོང་རྫོང་དུ་ཕེབས་ནས་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་དང་དབུལ་སྐྱོར་འགག་སྒྲོལ། དགོན་པའི་སེམས་མཐུན་ཕྱོགས་མཐུན་གྱི་ལས་ཀ་སྤེལ་ཚུལ་སྐོར་ལ་རྟོག་ཞིབ་གནང་བ་རེད། 

    སྐུ་བཅར་ཡོན་ཏན་རྒྱ་མཚོ་སྔོན་རྗེས་སུ་ཉག་རོང་རྫོང་གི་ར་ལངས་དང་མ་རེད་ཤང་སོགས་སུ་ཕེབས་ནས་གཞི་རིམ་གྱིས་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་ཚུལ་དང་དབུལ་སྐྱོར་འགག་སྒྲོལ་ལག་བསྟར་བྱེད་ཚུལ། ཁྱད་པར་དུ་དགོན་པའི་བདག་གཉེར་ཨུ་ཡོན་ལྷན་ཁང་གི་འཛུགས་སྐྲུན་དང་གྲྭ་བཙུན་གྱི་འཚོ་བའི་གནས་ཚུལ་སོགས་ལ་རྟོག་ཞིབ་གནང་བ་དང་དུས་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གནང་བས་མ་ཚད། དགོན་པའི་གྲྭ་བཙུན་རྣམས་ཀྱིས་ཞིང་ཆེན་དང་ཁུལ། རྫོང་ཨུའི་བླང་བྱ་ལྟར་རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་བརྩི་ཁྲིམས་སྲུང་ཁྲིམས་སྦྱོང་བྱས་ཏེ་ཁྲིམས་ལྟར་ལས་སྒྲུབ་བྱ་རྒྱུ་དང་།  དགོན་པ་ཁག་གིས་རང་སྒོ་རང་སྲུང་དང་རང་ཉིད་ཀྱི་མི་རང་གིས་བདག་འཛིན་བྱས་ནས་ཁྲིམས་མཐུན་ཆོས་མཐུན་གྱིས་ལས་དོན་བསྒྲུབ་པ། དངོས་དོན་དང་ཟུང་འབྲེལ་བྱས་ནས་དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀར་དམ་འཛིན་བྱ་དགོས་པའི་ཐུགས་རེ་གནང་བ་རེད།    

    སྐུ་བཅར་ཡོན་ཏན་རྒྱ་མཚོ་ར་ལངས་ཤང་གི་སྐྱབས་སྨད་གྲོང་དུ་ཁོང་རང་གི་གཉེན་འདྲིས་དུད་ཚང་གཉིས་ལ་ཕེབས་ནས་འཚོ་བའི་གནས་ཚུལ་ལ་ཆ་རྒྱུས་བླངས་པ་དང་། གཞི་རིམ་གྱི་ལས་བྱེད་པ་རྣམས་དང་བཞུགས་མོལ་གནང་སྟེ་མ་བསྐུལ་དང་ལེན་གྱིས་ལས་ལ་བརྩོན་ཤིང་དམངས་ཕན་གྱི་ཆེད་ལས་ཀར་འབད་དེ་དབུལ་སྐྱོར་འགག་སྒྲོལ་གྱི་ལས་དོན་ལེགས་སྒྲུབ་བྱ་དགོས་ཚུལ་སྐོར་ཐུགས་རེ་གནང་བ་རེད། 

 

  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་དབྱར་རྩྭ་དགུན་འབུ་རྐོ་གནས་སུ་སྐོར་སྐྱོད་ཁྲིམས་ར་བཙུགས།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་སེར་ཤུལ་རྫོང་གི་དབྱར་རྩྭ་དགུན་འབུ་རྐོ་གནས་སུ་བསྒྲགས།
  • དོ་སྣང་ཆེ་བའི་རྩོམ།