རོང་བྲག་རྫོང་ནས་འགྲིམ་འགྲུལ་བཀག་སྡོམ་བྱེད་བཞིན་འདུག

        2020-04-27

ཉེ་ཆར། དཀར་མཛེས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་དཀར་མཛེས་ཁུལ་སྤྱི་བདེ་ཅུས་གཉིས་ཀྱིས《དཀར་མཛེས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཀྱིས་རྒྱལ་སྲུང་གཞུང་ལམ248པའི་རོང་བྲག་ནས་ཆུ་ཆེན་བར་གྱི་འགྲིམ་འགྲུལ་བཀག་སྡོམ་བྱེད་པའི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ཤིང་། བཀག་སྡོམ་གྱི་དུས་ཚོད་ནི་སྤྱི་ཟླ5པའི་ཚེས10ནས་སྤྱི་ཟླ12ཚེས30ཉིན་བར་ཡིན་པ་དང་། དེ་ནི་རང་ཁུལ་གྱི་རོང་བྲག་རྫོང་ནས་རྔ་བ་ཁུལ་གྱི་ས་མཚམས། ཆུ་ཆེན་རྫོང་དང་འབྲེལ་མཚམས་བར་གྱི་རྒྱལ་སྲུང་གཞུང་ལམ248པའི་གཞུང་ལམ་ཧྲིལ་པོ་ཞིག་གསོ་བྱེད་བཞིན་ཡོད་པས། དུས་ཡུན་ཟླ་བ་བདུན་ལྷག་གི་རིང་ལ་འགྲིམ་འགྲུལ་དུས་ཚོད་གཏན་ཁེལ་ལྟར་བཀག་སྡོམ་བྱེད་དགོས་པས་འགྲིམ་འགྲུལ་བཀག་སྡོམ་གྱི་སྤྱི་བསྒྲགས་འདི་ཆེད་དུ་སྤེལ་བ་རེད་འདུག

འགྲིམ་འགྲུལ་བཀག་སྡོམ་གྱི་སྤྱི་བསྒྲགས་གཤམ་གསལ་ལྟར།

རོང་བྲག་རྫོང་ནས་འགྲིམ་འགྲུལ་བཀག་སྡོམ་བྱེད་བཞིན་འདུག

རོང་བྲག་རྫོང་ནས་འགྲིམ་འགྲུལ་བཀག་སྡོམ་བྱེད་བཞིན་འདུག

  • ལེ་ཚན་སྔོན་མ།:རོང་བྲག་རྫོང་ཁྲིམས་ཁང་གི་སྒོ་ལུང་ཁྲིམས་ས་ཡིས་འཕྲིན་ཕྲན་ཐོག་ནས་རྩོད་གླེང་གི་གནད་དོན་འདུམ་འགྲིག་བྱས།
  • ལེ་ཚན་རྗེས་མ།:༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས27པ། གཡུ་དྲུག་དཀར་གྱི་རིན་ཐང་གཡུ་མཁར་ཐང་ནས་ཤེས།
  • དོ་སྣང་ཆེ་བའི་རྩོམ།