དབྱངས་ཅན་གྱིས་བསྒྱུར། 2020-04-27
ཉེ་ཆར། རོང་བྲག་རྫོང་ཁྲིམས་ཁང་གི་སྒོ་ལུང་ཁྲིམས་སས་འཕྲིན་ཕྲན་ཐོག་ནས་འདུམ་འགྲིག་བྱེད་པའི་ཐབས་ཤེས་སྤྱད་ནས། ཉོ་ཚོང་གན་རྒྱའི་སྐོར་གྱི་རྩོད་གླེང་གྱོད་དོན་ཞིག་དང་དམངས་ཁྲོད་དུ་བུན་ལོན་གཏོང་ལེན་སྐོར་གྱི་རྩོད་གླེང་གྱོད་དོན་ཞིག་འདུམ་འགྲིག་བྱས་པ་རེད།
ཞུ་སྦྱོར་སྔ་མ་བ་དབྱང་ག་གེ་མོས་ཞུ་སྦྱོར་ཕྱི་མ་བ་ལེ་ག་གེ་མོར་ཉོ་ཚོང་གན་རྒྱའི་རྩོད་གླེང་སྐོར་གྱི་གྱོད་གཞི་དང་དམངས་ཁྲོད་དངུན་བུན་གཏོང་ལེན་སྐོར་གྱི་རྩོད་གླེང་གྱོད་དོན་བདག་སྤྲོད་བྱས་རྗེས། ཞུ་སྦྱོར་ཕྱི་མ་བ་དབྱང་ག་གེ་མོས་རྫོང་མཁར་དུ་འཛུགས་སྐྲུན་རྒྱུ་ཆ་ཚོང་གཉེར་བྱེད་བཞིན་པ་དང་། ཞུ་སྦྱོར་ཕྱི་མ་བ་ལེ་ག་གེ་མོ་ཁྲེང་ཏུའུ་ལ་གླ་རྒྱག་སར་ཕྱིན་ནས་ཁྲིམས་སར་གཏུག་བཤེར་གྱི་བྱེད་སྒོར་ཞུགས་མི་བདེ་བའི་གནས་ཚུལ་ལ་དམིགས་ནས། ཕྱོགས་གཉིས་ཀའི་ཞུ་སྦྱོར་བའི་ཡིད་མཐུན་བྱུང་རྗེས། སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་ཞུ་སྦྱོར་བ་ཕྱོགས་གཉིས་པོ་སྒྲིག་འཛུགས་བྱས་ཏེ་འཕྲིན་ཕྲན་གྱི་ཚོགས་པའི་འཕྲིན་སྟེགས་སུ་སྐད་ཆ་བཤད་པའི་ཐབས་ཤེས་སྤྱད་ནས་འདུམ་འགྲིག་བྱས་པ་རེད།
ཞུ་སྦྱོར་སྔ་མ་བ་དབྱང་ག་གེ་མོས་ཞུ་སྦྱོར་ཕྱི་མ་བ་ལེ་ག་གེ་མོ་ལ་ཉོ་ཚོང་གི་གན་རྒྱ་སྒྲུབ་འགན་འཁུར་ལེན་བྱེད་མཁན་ཁྲིམས་དཔོན་གྱི་སྒྲིག་འཛུགས་འོག ཞུ་སྦྱོར་ཕྱི་མ་ལེ་ག་གེ་མོས་ཞུ་སྦྱོར་སྔ་མ་དབྱང་ག་གེ་མོའི་འཛུགས་སྐྲུན་རྒྱུ་ཆའི་ཆད་དངུལ་སྒོར12881དང་གཡར་དངུལ་སྒོར9000ངོས་ལེན་བྱས་པར་མ་ཟད། སྤྱི་ཟླ4པའི་ཚེས30ཉིན་གྱི་སྔོན་ལ་འབྲེལ་ཡོད་ཆད་དངུལ་དེ་དག་སྤྲོད་ཐུབ་རྒྱུའི་ཁ་ཆད་བཞག་ནས། མཐར་ཕྱོགས་གཉིས་ཀས་གྲོས་མཐུན་གཅིག་གྱུར་བྱུང་ནས་འདུམ་འགྲིག་བྱུང་བ་རེད། འཕྲིན་ཕྲན་ཐོག་ནས་འདུམ་འགྲིག་བྱེད་པའི་ཐབས་ཤེས་སྤྱད་པ་དེས་ཞུ་སྦྱོར་སྔ་མ་བའི་གཏུག་བཤེར་གྱི་གྲོན་དངུལ་གྲོན་ཆུང་བྱེད་ཐུབ་པར་མ་ཟད། ད་དུང་གྱོད་དོན་ཞིབ་གཅོད་བྱེད་པའི་ལས་ཆོད་མཐོ་རུ་ཕྱིན་ནས་འགལ་བ་དང་རྩོད་གླེང་གི་གནས་ཚུལ་མགྱོགས་མྱུར་དུ་ཐག་གཅོད་བྱེད་ཐུབ་པ་རེད།
ཉེ་བའི་ལོ་ཤས་རིང་རོང་བྲག་རྫོང་ཁྲིམས་ཁང་གིས་མཉམ་སྦྲེལ་དྲ་བའི་ཐོག་གྱོད་དོན་ཞིབ་གཅོད་བྱེད་པའི་བསམ་གཞིགས་ཀྱི་ཐོག་ནས། མུ་མཐུད་དུ་རྩོད་གླེང་གི་གནས་ཚུལ་སེལ་སྟངས་གསར་པ་རྟོག་ཞིབ་བྱེད་པ་དང་། དྲ་བའི་ཐོག་ནས་གྱོད་དོན་ཞིབ་གཅོད་བྱེད་པར་བརྒྱུད། ཆ་འཕྲིན་གང་མང་སྤེལ་ཐུབ་པ་དང་མང་ཚོགས་གྱོད་དོན་ཞུ་གཏུག་བྱེད་སར་ཉུང་དུ་ཕྱིན་ཐབས་བྱས་ཏེ། ཞིབ་གཅོད་ཀྱི་ལས་ཆོད་མཐོར་ཕྱིན་ཐུབ་པ་བྱས་ཏེ་ཞུ་སྦྱོར་སྔ་མའི་གཏུག་བཤེར་གྱི་དཀའ་ལས་ཡང་དུ་བཏང་ནས་འགལ་ཟླ་དང་རྩོད་གླེང་གི་གྱོད་དོན་ཡུལ་དེར་སེལ་ཐུབ་པ་མངོན་འགྱུར་བྱུང་བ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10