དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་བཏང་ནས་སྤུས་ཚད་ཡག་པའི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལས་རྣམ་པར་རྒྱལ་བར་བྱེད།

ལྷ་འཛོམས་ཀྱིས་བསྒྱུར།        2020-04-15

    སྤྱི་ཟླ4པའི་ཚེས10ཉིན2020ལོའི་ཁུལ་ཨུའི་ཞིང་སྡེ་ལས་ཀའི་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་སི་ཁྲོན་གྱི་ལས་དོན་སྐོར་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཞིང་སྡེ་ལས་ཀའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ་དང་། ལས་དོན་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་བྱེད་པ། ད་ལོར་ཁུལ་ཡོངས་ཀྱི་ཞིང་གསུམ་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད། ཁུལ་ཨུའི་་ཧྲུའུ་ཅི་གཞོན་པ་ཧྲི་ཀང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཁང་ལིན་གྱིས་ཚོགས་འདུ་གཙོ་འགན་བཞེས་པ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་ཀྲི་ཀུའེ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུང་ཅན་ཀྲུང་ཚོགས་འདུར་ཕེབས་ཡོད་པ་རེད།

   ཚོགས་འདུའི་ཐོག་བསྟན་དོན། 2019ལོར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་སི་ཁྲོན་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཡོངས་ཀྱི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུས་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཡུལ་གྲོང་དར་རྒྱས་གཏང་རྒྱུ་སྤྱི་ཡོངས་ནས་དམ་འཛིན་བྱས་པ་རེད། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་བཅོས་བསྒྱུར་གྱིས་འགྲོ་ཕྱོགས་གཙོ་བོ་བྱས་ཤིང་། ཞིང་ལས་ཚན་རྩལ་ཞབས་ཞུ་ཡིས་འདེགས་སྐྱོར་བྱས་པ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་འགན་ལེན་བཅས་བྱས་ནས་ཁུལ་ཡོངས་ཀྱི་ཞིང་ལས་ཐོན་ལས་རྒྱུན་མཐུད་དུ་འཕེལ་རྒྱས་བཏང་ཡོད། རྫོང12ཀྱིས་དབུལ་ཞྭ་ཕུད་ཐུབ་པ་དང་ཡུལ་གྲོང་དར་རྒྱས་ཀྱི་འགོ་ཡག་པོ་བཙུགས་པ་བཅས་བྱས་ཏེ་ཞིང་གསུམ་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད།

    ཚོགས་འདུའི་ཐོག་ནན་གསུང་གནང་དོན། 2020ལོ་ནི་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུའི་ལོའང་ཡིན་པ་རེད། ཁུལ་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེ་ལས་དོན་འདི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུའི་དམིགས་ཡུལ་ལས་འགན་ལ་དམ་པོར་དམིགས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལས་རྒྱལ་ཁ་བླངས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ཞིང་གསུམ་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་ཞན་ཆ་གསབ་པའི་གཙོ་གནད་ལས་འགན་ཆེན་པོ་གཉིས་ལེགས་སྒྲུབ་བྱེད་པ་དང་། དེང་རབས་ཞིང་ལས་ཐད་ཀྱི“10+2”ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་པ།

    ཞིང་ལས་དང་ཞིང་སྡེ་བཅོས་བསྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། ཡུལ་གྲོང་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་མྱོང་ཚོར་དང་བདེ་ སྐྱིད་ཐོབ་སྣང་། ཉེན་མེད་མྱོང་ཚོར་བཅས་ཇེ་དྲག་ཏུ་གཏང་དགོས། དབུལ་ཐར་འགག་སྒྲོལ་ཕུན་སུམ་ཚོགས་པོའི་ངང་མཇུག་བསྒྲིལ་བར་འགན་ལེན་བཅས་བྱས་ཏེ་རང་ཁུལ་གྱི་ཞིང་འབྲོག་ས་ཁུལ་ཚང་མ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་ཁག་ཐེག་བྱ་དགོས།

   ཚོགས་འདུའི་ཐོག་བླང་བྱ་བསྟན་དོན། ད་ལོའི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་དགོས་ན་གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་ཐེ་དྲག་ཏུ་གཏོང་བ། ད་ལོའི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་ལ་ཁག་ཐེག་དང་། ཞིང་འབྲོག་ཁུལ་ཚང་མ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་ཁག་ཐེག་བྱེད་པ། འབྲུ་རིགས་ཁྱབ་རྒྱ་ཆེ་རུ་བཏང་ནས་ཐོན་འཕར་ཡོང་བ་བྱེད་པ། ཕག་གསོ་རྒྱུ་རྒྱུན་གཏན་གྱི་ཆུ་ཚད་དུ་སླར་གསོ་ཐུབ་པ་བྱེད་པ། “ཞིང་གསུམ”ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་ཞན་ཆ་གསབ་རྒྱུར་ཤུགས་སྣོན་རྒྱག་པ། ཞིང་ལས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བས་ཆེན་པོ་འབུལ་རྒྱུར་སྐུལ་འདེད་གཏོང་བ་བཅས་རེད། གཉིས་ནས་ནུས་ཤུགས་ཡོད་རྒུས་འབྲུ་རིགས་ཁག་འགན་ལེན་བྱེད་པ་དང་། འབྲུ་རིགས་ཉེན་མེད་ཀྱི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱེད་པ། རིམ་ཁག་དང་སྡེ་ཚན་ཁག་གིས་ཉེན་ཁའི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས“འབྲུ་རིགས་གསོག་འཇོག་ཞིང་ལ་བརྟེན་དགོས་པ”དང“འབྲུ་རིགས་གསོག་འཇོག་ལག་རྩལ་ལ་བརྟེན་པའི”འཐབ་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་འབྲུ་རིགས་ཉེན་མེད་ཐད་ལ་གནད་དོན་གང་ཡང་མི་བུད་པ་བྱ་དགོས། གསུམ་ནས་སྣེ་འདྲེན་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཁྲོམ་ར་ཅན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱེད་པ། དེང་རབས་ཞིང་ལས་ལྡུམ་ཁུལ་གཞི་རྟེན་དུ་བྱེད་པ། མཉམ་འདྲེས་འཕེལ་རྒྱས་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ། ཤ་ཚལ་སྒོང་གསུམ་རང་མཁོ་རང་སྤྲོད་འགན་ལེན་བྱ་རྒྱུར་དམ་འཛིན་བཅས་བྱས་ནས་གཞི་ཁྱོན་ལྡན་པའི་ཞིང་ལས་དམིགས་བསལ་ཐོན་ལས་འཕེལ་རྒྱས་གཏང་དགོས། བཞི་ནས་དབུལ་ཐར་འགག་སྒྲོལ་དང་ཡུལ་གྲོང་དར་རྒྱས་སྦྲེལ་མཐུད་དུ་ནུས་ལྡན་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་ཤིན་ཏུ་དབུལ་ཕོངས་ཀྱི་དབུལ་ཐར་ཚར་གཅོད་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ་དབུལ་པོ་ཉུང་གཏོང་གི་འཐབ་ཇུས་སྦྲེལ་མཐུད་དང་། རྣམ་གྲངས་འཆར་འགོད་སྦྲེལ་མཐུད། སྲིད་ཇུས་བྱ་ཐབས་སྦྲེལ་མཐུད། ཐོན་ལས་འཕེལ་རྒྱས་སྦྲེལ་མཐུད། རྨང་གཞིའི་འཛུགས་སྐྲུན་སྦྲེལ་མཐུད་བཅས་བྱས་ཏེ་ཡུལ་གྲོང་དར་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏང་དགོས། ལྔ་ནས་མ་སྐུལ་དང་བླངས་ཀྱིས་བྱས་རྗེས་འཇོག་པ་དང་། ཐབས་ལམ་མང་པོ་བརྒྱུད་དེ་ཞིང་པའི་ཡོང་འབབ་རྒྱུན་སྲིང་ངང་འབབ་འཕར་ཡོང་བར་སྐུལ་འདེད་གཏང་དགོས་པ་དང་། ལས་གནས་བརྟན་པོ་དང་ལས་ཞུགས་ལ་དམ་འཛིན་ཏན་ཏིག་བྱས་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ། སྲིད་ཇུས་མཐའ་སྐྱོང་དང་ཡོང་འབབ་བརྟན་པོ་ཡོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གཅིག་གྱུར་བྱེད་དགོས་རིགས་གཅིག་གྱུར་ཡོང་བར་འགན་ལེན་བྱ་དགོས་པ། དྲུག་ནས་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་ཞིང་གསུམ་ལས་ཀའི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། བདུན་ནས་ཏང་གིས་ཞིང་གསུམ་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་འཛུགས་སྐྱོང་གིས་ཡུལ་གྲོང་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཞིང་གསུམ་གྱི་དཔུང་སྡེ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ་དང་། ཞིང་གསུམ་ཁྱབ་ཁོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་དགོས།

   ཚོགས་འདུའི་ཐོག་གཟེངས་བསྟོད་ཐོབ་པའི2019ལོའི་ལོ་འཁོར་གྱི་ཁུལ་རིམ་པའི་ཡུལ་གྲོང་དར་རྒྱས་ཀྱི་དཔེ་སྟོན་རྫོང་དང་། སྔོན་ཐོན་ཡུལ་ཤོག(གྲོང་རྡལ)དཔེ་སྟོན་གྲོང་ཚོ། དེང་རབས་ཞིང་ལས་གླིང་ཁུལ་བཅས་ཀྱི་མིང་ཐོ་དང་། དར་མདོ་གྲོང་ཁྱེར་དང་། ལྕགས་ཟམ་རྫོང་། བརྒྱད་ཟིལ་རྫོང་། ལི་ཐང་རྫོང་། དཀར་མཛེས་རྫོང་བཅས་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་རེས་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:རྒྱལ་དར་ལ་གུས་འདུད་ཞུ། ཏོག་གསར་གློ་རིམས་ཀྱི་མདུན་སར་སྐྱོད་མཁན་གྱི་དང་བླངས་པར་གུས་འདུད་ཞུས།
  • ལེ་ཚན་རྗེས་མ།:མཁའ་ལམ་དུ་སྐལ་བཟང་མེ་ཏོག་རྣམ་པར་བཞད།
  • དོ་སྣང་ཆེ་བའི་རྩོམ།