རྒྱལ་དར་ལ་གུས་འདུད་ཞུ། ཏོག་གསར་གློ་རིམས་ཀྱི་མདུན་སར་སྐྱོད་མཁན་གྱི་དང་བླངས་པར་གུས་འདུད་ཞུས།

        2020-04-15

   

རྒྱལ་དར་ལ་གུས་འདུད་ཞུ། ཏོག་གསར་གློ་རིམས་ཀྱི་མདུན་སར་སྐྱོད་མཁན་གྱི་དང་བླངས་པར་གུས་འདུད་ཞུས།

  སྤྱི་ཟླ4པའི་ཚེས13ཉིན་རོང་བྲག་རྫོང་གྲོང་ཁུལ་གྱི་སློབ་ཆུང་དུ་དར་ཆ་སྒྲེང་བའི་མཛད་སྒོ་དེ་སློབ་འགོ་ཚུགས་པའི་སློབ་ཚན་དང་པོར་བརྩིས་ནས་རྒྱལ་དར་ལ་གུས་འདུད་ཞུས་པ་དང་ཏོག་གསར་གློ་རིམས་ཀྱི་མདུན་སར་སྐྱོད་མཁན་དང་བླངས་པ་ཚོར་གུས་འདུད་ཞུས་པ་རེད།

  གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད10ཏག་ཏག་ལ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲ་དབྱངས་དཀྲོལ་བ་དང་བསྟུན་ནས་སློབ་མ་ཚོ་དགེ་རྒན་གྱི་སྣེ་ཁྲིད་འོག་གྲལ་འགྲིག་པོའི་ངང་དཔེ་དེབ་ཀྱི་སྒྲོག་ཙེའི་འགྲམ་དུ་ལངས་ནས་གློག་རྡུལ་བརྙན་ཤེལ་ནང་གི་སྐར་ལྔའི་དར་དམར་མདུན་དུ་གུས་འདུད་ཞུས་ཤིང་རྒྱལ་གླུ་ལེན་པ་རེད། ལུས་རྩལ་ཐང་དུ་སློབ་ཁྲིད་མེད་པའི་དགེ་རྒན་ཉི་ཤུ་ལྷག་ཙམ་གྱིས་ཆར་པ་སིམ་སིམ་བབས་པའི་ཁྲོད་དུ་དལ་བུར་སྒྲེང་བའི་སྐར་ལྔའི་དར་དམར་ལ་ལྟ་བཞིན་མཆིས།

“སློབ་གྲྭས་དམིགས་བསལ་གྱི་རྒྱལ་དར་སྒྲེང་བའི་མཛད་སྒོར་བརྟེན་ནས་དགེ་སློབ་ཚོའི་རིམས་འགོག་འདུ་ཤེས་ཟབ་ཏུ་གཏང་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེར་བརྟེན་ནས་སློབ་མ་ཚོའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཀྱང་འཛུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད། ”ཅེས་སློབ་གྲྭ་དེའི་སློབ་སྤྱི་ལིའུ་ཧྲུའུ་ཡུང་གིས་དེ་ལྟར་བཤད་པ་རེད།།


  • ལེ་ཚན་སྔོན་མ།:སྔོན་འགོག་ཚོད་འཛིན་ལ་མཐོང་ཆེན་དང་དོན་འཁྱོལ་ཞིབ་ཕྲ་བྱས་མཐར་ཡང་བསྐྱར་སློབ་ཁྲིད་བྱེད་མགོ་ཚུགས་པའི་ལས་དོན་སྤེལ།
  • ལེ་ཚན་རྗེས་མ།:དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་བཏང་ནས་སྤུས་ཚད་ཡག་པའི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལས་རྣམ་པར་རྒྱལ་བར་བྱེད།
  • དོ་སྣང་ཆེ་བའི་རྩོམ།