རང་ཁུལ་གྱིས་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ།ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་ཕྱོགས་བསྡོམས་དང་འཐབ་ཇུས་ཆེན་པོ་དྲུག་ལ་སྐུལ་འདེད་གཏོང་བའི་གྲོས་ཚོགས་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2017-05-11

 

ཟླ་བ5པའི་ཚེས4ཉིན། རང་ཁུལ་གྱིས་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ།ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་ཕྱོགས་བསྡོམས་དང་འཐབ་ཇུས་ཆེན་པོ་དྲུག་ལ་སྐུལ་འདེད་གཏོང་བའི་གྲོས་ཚོགས་དར་མདོར་འཚོགས་པ་རེད། གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ། ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་གྲོས་བསྡུར་ཆེན་པོའི་གྲུབ་འབྲས་ཕྱོགས་བསྡོམས་བྱས་པ་དང་། ལས་བྱེད་པར་དྲང་ཕྱོགས་ནས་སྐུལ་ལྕག་ལམ་སྲོལ་དང་ནོར་འཁྲུལ་ཤོར་འཐུས་དང་ཡོ་བསྲང་གི་ལམ་སྲོལ་བཀོད་སྒྲིག་དང་དོན་འཁྱོལ་བྱས་པ།  ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ལས་བྱེད་པའི་ལས་སྒྲུབ་དང་ལས་གཏོད་ཀྱི་བརྩོན་ཤུགས་སྐུལ་སློང་བྱས་ནས་སྲ་བརྟན་འགྱུར་མེད་ཀྱིས་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བྱས་པར་སྐུལ་འདེད་གཏོང་བར་བརྒྱུད། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྨང་གཞི་སྲ་ཞིང་བརྟན་པ་ཞིག་འདིང་དགོས་པ་དེ་རེད།

ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་གྲོས་ཚོགས་ནང་ཞུགས་ཡོད།

གྲོས་ཚོགས་ཐོག2016ལོར་ཁུལ་ཡོངས་ཀྱི་འཐབ་ཇུས་ཆེན་པོ་དྲུག་ལ་སྐུལ་འདེད་གཏོང་ཚུལ་བརྒྱུད་བསྒྲགས་བྱས་པ་དང2017ལོའི་ལས་ཀར་བཀོད་སྒྲིག་བྱས་ཤིང་། བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ། ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་གྲོས་བསྡུར་ཆེན་པོའི་བྱེད་སྒོ་སྤེལ་ཚུལ་ལ་ཕྱོགས་བསྡོམས་བྱས་པ། 《དཀར་མཛེས་ཁུལ་གྱི་ནོར་འཁྲུལ་ཤོར་འཐུས་དང་ཡོ་བསྲང་གི་ལམ་སྲོལ་དང་ལས་སྒྲུབ་ལས་གཏོད་ལ་སྐུལ་ལྕག་གཏོང་བའི་གནས་སྐབས་ཀྱི་བྱ་ཐབས》ལ་གསལ་བཤད་བྱས་པས་མ་ཚད། ད་དུང་དྲང་ཕྱོགས་ནས་སྐུལ་ལྕག་ལམ་སྲོལ་དོན་འཁྱོལ་བྱ་རྒྱུའི་ཐད་ལ་བཀོད་སྒྲིག་བྱས་ཡོད།

ལིའུ་ཁྲེང་མིང་གིས་གསུངས་དོན། རང་ཁུལ་གྱིས་དུས་རིམ་ཟླ་བ་གཉིས་ཀྱི་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ། ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་གྲོས་བསྡུར་ཆེན་པོའི་བྱེད་སྒོ་སྤེལ་ཤིང་། སློབ་སྦྱོང་སློབ་གསོ་དང་འཇོན་ནུས་གསོ་སྦྱོང་། ཆེད་དོན་གྲོས་བསྡུར། བསམ་འཆར་བསྡུ་ལེན། དབྱེ་ཞིབ་དང་དག་ཐེར་བཅོས་སྐྱོང་། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་དཔའ་སེམས་ཆེར་སྐྱེད། འཇོན་ནུས་ཆེར་གཏོང་། སྤྱོད་ཚུལ་བསྒྱུར་བ། ལས་ཀར་སྐུལ་འདེད་གཏོང་བའི་སྔོན་དཔག་དམིགས་འབེན་གྲུབ་པ་རེད།

ལིའུ་ཁྲེང་མིང་གིས་གྲོས་བསྡུར་ཆེན་པོའི་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཤིང་། རང་རྟོགས་ཀྱིས་ལས་སྒྲུབ་དང་ལས་གཏོད་ཀྱི་བསམ་པར་ཁྲིད་སྟོན་བྱ་དགོས་པ་དང་། དྲང་ཕྱོགས་ཀྱི་སྐུལ་ལྕག་དང་ནོར་འཁྲུལ་ཤོར་འཐུས་དང་ཡོ་བསྲང་གི་ལམ་སྲོལ་བཙུགས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་ཁག་ཐེག་ནུས་ལྡན་བྱ་དགོས། འཐབ་ཇུས་ཆེན་པོ་དྲུག་གཏིང་ཟབ་ཏུ་སྤེལ་ཤིང་ལས་སྒྲུབ་ལས་གཏོད་ཀྱི་ལས་ཀའི་ཕན་འབྲས་གང་ལེགས་བསྟན་དགོས་ཞེས་ཐུགས་རེ་གནང་བ་རེད།

རྟིང་མར་ལིའུ་ཁྲེང་མིང་གིས་ཉེ་དུས་ཀྱི་ལས་ཀར་བཀོད་སྒྲིག་བྱས་པ་རེད།  ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་ཁུལ་ཁྲིམས་ཁང་གི་ཁྲིམས་དཔོན་དང་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་སོགས་གྲོས་ཚོགས་ནང་ཞུགས་ཡོད།།

 

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར35བཏང་ནས་གྲོང་ཡུལ་རིམ་སྤོར་གཏང་རྒྱུའི་འཐབ་ཇུས་ལག་བསྟར་བྱས།
  • ལེ་ཚན་རྗེས་མ།:ཕྱག་ཕྲེང་རྫོང་གིས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཚད་ལྡན་ཅན་དུ་འཕེལ་རྒྱས་བཏང་།
  • དོ་སྣང་ཆེ་བའི་རྩོམ།