རང་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར35བཏང་ནས་གྲོང་ཡུལ་རིམ་སྤོར་གཏང་རྒྱུའི་འཐབ་ཇུས་ལག་བསྟར་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2017-05-11

ད་ལོར་རང་ཁུལ་གྱིས་གྲོང་ཡུལ་རིམ་སྤོར་གཏང་རྒྱུའི་འཐབ་ཇུས་ལས་གཞི556ལག་བསྟར་གཏང་རྒྱུའི་འཆར་གཞི་བཞག་ཅིང་།  ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར78.4བཏང་ནས་ལོ་འཁོར་འཆར་གཞིའི་མ་དངུལ་སྒོར་དུང་ཕྱུར35.2འཇོག་རྒྱུ་དང་།  མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་ཡོད་པའི་སྤྱི་པའི་སྒྲིག་བཀོད་དང་གྲོང་ཁྱེར་གྱི་ལྗོངས་ཁུལ་ཁག་ཅིག་འཛུགས་སྐྲུན་བྱས་ནས།  གྲོང་ཁྱེར་གྱི་ལོ་རྒྱུས་དང་རིག་གནས་མངོན་པ་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་བཞེངས་བྱས་ཏེ།  ཐོན་ལས་དང་གྲོང་གསེབ་མཉམ་འདྲེས་དང་ཐོན་ལས་དང་གྲོང་ཁུལ་གཞི་གཅིག་བྱ་རྒྱུར་སྐུལ་འདེད་གཏང་རྒྱུ་རེད།

རྫོང་མཁར་སྟོབས་ཆེར་གཏང་རྒྱུའི་ལས་གཞི164ལག་བསྟར་གཏང་རྒྱུ། ཁུལ་ཡོངས་ཀྱི་རྫོང﹙གྲོང་ཁྱེར﹚18དང་།  དུང་དཀར་ལུང་པའི་དོ་དམ་ཅུས་དང་ཉི་སྟེན་དོ་དམ་ཅུས་ཀྱི་གྲོང་སྲིད་ལས་གཞི།  སྤྱི་པའི་ཞབས་ཞུའི་སྒྲིག་བཀོད།  ལྗོངས་ཁུལ་ལས་གྲྭ་སོགས་འཛུགས་སྐྲུན་གྱི་ལས་གྲྭ་ཁག་ལ་སྐུལ་འདེད་བཏང་ནས།  དར་མདོ་དང་ལྕགས་ཟམ།  རོང་བྲག་སོགས་ཀྱི་རྫོང་ཁག﹙གྲོང་ཁྱེར﹚9 གཙོ་གནད་དུ་བཟུང་སྟེ། ཁྱོན་ཡོངས་ནས་རྫོང་མཁར་ཧྲོལ་པོའི་རྣམ་པ་སྒྱུར་བཀོད་དང་སྒྲིག་འགལ་བཟོ་སྐྲུན་ཐམས་བཅད་བཤིག་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་བྱེད་པ་དང་།  ཁྱད་ཆོས་ཁྲོམ་ཁུལ་འཛུགས་པ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བཅས་ཀྱིས་ཁྱད་ཆོས་ལྡན་པའི་རིག་གནས་རྣམ་པ་ཞིག་བསྐྲུན་ཏེ་རྫོང་མཁར་ཇེ་ཡག་ཏུ་གཏང་རྒྱུ་རེད།

ཤང་དང་གྲོང་རྡལ་རིམ་སྤོར་བྱ་རྒྱུའི་ལས་གཞི186ལག་བསྟར་གཏང་རྒྱུ།   ཞིང་ཆེན་རིམ་པའི་གྲོང་རྡལ་བརྒྱའི་ཚོད་ལྟའི་གྲོང་རྡལ་དང་ཁུལ་རིམ་པའི་དཔེ་སྟོན་གྲོང་རྡལ།  ཁུལ་རིམ་པའི་གཙོ་གནད་གྲོང་རྡལ། ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་གྲས།  གཙོ་གནད་ལྗོངས་ལམ་ཆེན་པོའི་ལམ་རྒྱུད་ཀྱི་གྲོང་རྡལ་འཛུགས་སྐྲུན་བྱ་རྒྱུ་བཅས་ལ་དམིགས་ནས།  འབོ་ཞབས་གྲོང་རྡལ་དང་རི་མཇུག་གྲོང་རྡལ།  ར་ལྔ་ཁ་གྲོང་རྡལ་སོགས་ཤང་དང་གྲོང་རྡལ95ཡི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་གཏང་རྒྱུ་དང་།  རྣམ་པ་སྒྱུར་བཀོད་ལ་ཤུགས་བརྒྱབ་ནས་ཚད་ལྡན་དང་གོ་རིམ་ལྡན་པའི་ཁོར་ཡུག་ཞིག་བསྐྲུན་དགོས་པ་རེད།

ཆེས་ཡག་ཤོས་ཀྱི་གྲོང་གསེབ་འཛུགས་རྒྱུའི་ལས་གཞི206 ལག་བསྟར་གཏང་རྒྱུ།  སྲོལ་རྒྱུན་གྲོང་སྡེ་དང་དབུལ་ཐར་འགག་སྒྲོལ།  ཡག་པོ་བཞིའི་གྲོང་སྡེའི་གསར་སྐྲུན་བྱ་རྒྱུ།  བོད་རིགས་ས་ཁུལ་གྱི་སྡོད་ཁང་གསར་པ་འཛུགས་སྐྲུན་བྱ་རྒྱུ།  ཡུལ་སྐོར་གྲོང་སྡེ་གསར་པ་འཛུགས་རྒྱུ་སོགས་ལ་དམ་པོར་དམིགས་ཏེ།  ལྕགས་ཟམ་རྫོང་མཚོ་གཉིས་གྲོང་སྡེ་དང་བུམ་པ་གྲོང་སྡེ།  ཉི་སྟེན་གྲོང་སྡེ་སོགས་ཀྱི་ཡུལ་སྐོར་ལམ་རྒྱུད་གཙོ་གནད་གྲོང་སྡེ183འཛུགས་རྒྱུ་དང་།  སྡོད་ཁང་སྐྲུན་ཤུགས་ཆེ་རུ་བཏང་ནས་གྲོང་སྡེའི་འགྲོ་ལམ་དང་ཁོར་ཡུག་མཛེས་པོ་བཟོ་བ་དང་།  ཡུལ་ཕྱོགས་ཀྱི་རིག་གནས་རྒྱུན་འཛིན་དང་གྲོང་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། གྲོང་སྡེའི་དཔལ་འབྱོར་འཕེལ་རྒྱས་བཏང་ནས།  ལས་རིགས་དར་བ་དང་ཁྱིམ་ཚང་ཕྱུག་པོ།  བསམ་ཕྱོགས་མཐུན་པ།  གྲོང་སྡེ་མཛེས་ཤོས་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་སྡེ་འཛུགས་རྒྱུ་རེད།།

  • ལེ་ཚན་སྔོན་མ།:སེ་ནེ་ཀལ་གྱི་ཙུང་ཐུང་ས་ལི་ཡིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་ལ་ཐུག་འཕྲད་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ།ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་ཕྱོགས་བསྡོམས་དང་འཐབ་ཇུས་ཆེན་པོ་དྲུག་ལ་སྐུལ་འདེད་གཏོང་བའི་གྲོས་ཚ
  • དོ་སྣང་ཆེ་བའི་རྩོམ།