ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་དང་ཁུལ་ཨུའི་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས7པ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2020-03-30

    སྤྱི་ཟླ3པའི་ཚེས25ཉིན་ལ།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས71པ་དང་ཁུལ་ཨུའི་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས7པ་གཙོ་འགན་བཞེས་ནས་སྤྱི་ཟླ3པའི་ཚེས18ཉིན་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་སྙིང་དོན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་དང་ཞིང་ཆེན་ཨུ་ལྷན་གྱི་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས8པའི་སྙིང་དོན་བརྒྱུད་བསྒྲགས་ལག་བསྟར་བྱས་ནས《དཀར་མཛེས་ཁུལ་ཨུའི་གྲོང་སྡེ་རིམ་པའི་སྒྲིག་གཞི་ལེགས་སྒྲིག་བཅོས་བསྒྱུར་གྱི་ལག་བསྟར་ཇུས་གཞི(ཞིབ་བཤེར་བྱ་ཡིག)》དང《དཀར་མཛེས་ཁུལ་གྱིས་སི་ཁྲོན་ཞིང་ཆེན་གྱི་སྐབས་བརྒྱད་པའི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་སྒྲུབ་པ་དཔྱད་འདེམས་བྱས་པའི་གདམ་བྱ་འོས་མིའི་མིང་ཐོར》ཞིབ་བཤེར་གཏན་འབེབས་བྱས་པ་རེད།

    གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་། གྲོང་ཚོ་རིམ་པའི་སྒྲིག་གཞི་ལེགས་སྒྲིག་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལ་ངོས་འཛིན་ཟབ་མོ་བྱས་ནས་འགན་འཁྲི་འཁུར་ཤུགས་སྔ་ལས་ལྷག་པར་ཆེ་རུ་གཏོང་ཞིང་། ཧུར་ཐག་དང་མ་སྐུལ་དང་བླངས་ཀྱིས་བྱས་རྗེས་འཇོག་པ་བཅས་བྱས་ནས་གྲོང་སྡེ་དར་རྒྱས་ཀྱི་འཐབ་ཇུས་དེ་བས་ལེགས་པའི་སྒོ་ནས་ལག་བསྟར་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པ་དང་། དོན་དངོས་གཞིར་འཛིན་རྒྱུ་རྒྱུ་འཁྱོངས་བྱས་ནས་ཏང་གི་བོད་རིགས་ས་ཁུལ་གྱི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏང་རྒྱུར་ཕན་པ་ཡོད་པ་དང་། གྲོང་སྡེ་དར་རྒྱས་ལ་སྐུལ་འདེད་གཏང་རྒྱུར་ཕན་པ་ཡོད་པ། གཞི་རིམ་ལས་བྱེད་པའི་ཧུར་སེམས་འཕེལ་བར་ཕན་པ་ཡོད་པ། ས་ཁོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་བརླིང་ལ་ཕན་པ་ཡོད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ལོ་རྒྱུས་ཀྱི་འཕེལ་རིམ་དང་ཐོན་ལས་ཀྱི་བཀོད་པ་སོགས་ཀྱི་རྒྱུ་རྐྱེན་ལ་གཅིག་གྱུར་འཆར་འགོད་ཀྱིས་བསམ་གཞིག་བྱས་ཏེ་དངོས་ཐོག་བདེན་འཚོལ་གྱིས་གྲོང་ཚོ་རིམ་པའི་སྒྲིག་གཞི་ལེགས་སྒྲིག་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏང་དགོས། བཅོས་བསྒྱུར་གྱི་ལས་དོན་ཞིབ་ཚགས་སྒོས་ཏན་ཏིག་སྒྲུབ་པ་དང་བཅོས་བསྒྱུར་གྱི་བྱ་ཐབས་དངོས་སྒྲུབ་གསར་གཏོད་བྱེད་པ། བཅོས་བསྒྱུར་གྱི་ཇུས་གཞི་ལེགས་སུ་གཏོང་བ་དང་རིམ་པ་སྤར་བ། བཅོས་བསྒྱུར་གྱི་ཤུགས་འདོན་གནད་སྨིན་བྱེད་པ་དང་དོན་འཁྱོལ་ནུས་པ་གནད་ལ་སྨིན་པའི་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བཅོས་བསྒྱུར་གྱི་བྱེད་ཐབས་ཁག་དོན་ཐོག་འཁྱོལ་ཅིང་ཕན་འབྲས་ཐོན་པ་བྱས་ནས་གནད་དོན་དངོས་སུ་ཐག་གཅོད་བྱེད་ཐུབ་པ་ཁག་ཐེག་བྱ་དགོས། གོ་རིམ་ནན་དུ་བཏང་ནས་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་སྟེ་བཅོས་བསྒྱུར་ལས་ཀ་གོ་རིམ་ཡོད་པར་སྐུལ་འདེད་གཏང་དགོས། ཉེན་ཁ་འགོག་བཅོས་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་བརྟན་བརླིང་གི་ཉེན་ཁར་དཔྱད་དཔོག་ཡག་པོ་བྱས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས།།


  • ལེ་ཚན་སྔོན་མ།:བོད་ཁུལ་མི་སེར་གྱི་བདེ་ཐང་སྲུང་བའི་ལྷ་རྗེ།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་ལྔ་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།