ཉག་རོང་རྫོང་གིས་ཏང་དྲིན་དྲན་པ་དང་རྒྱལ་གཅེས་ཁྲིམས་སྲུང་། འབྱོར་འབྲིང་བསྐྲུན་པ་བཅས་གཙོ་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ།

ལས་ཞོར་གསར་འགོད་པ་ཡེ་ཤེས་ལྷ་མོ།        2017-05-04

ཉེ་ཆར།  ཉག་རོང་རྫོང་གིས་རྫོང་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱས་ཏེ།   རྒྱ་བོད་སྐད་རིགས་གཉིས་ཤེས་ཤིང་ཆབ་སྲིད་ཀྱི་ཆུ་ཚད་མཐོ་བའི་སྒྲོག་འགྲེལ་པ་རྩ་འཛུགས་བྱས་ནས་ཉག་སྟོད་དང་ཉག་སྨད།  ཐང་སྐྱིད་སོགས་ཆུས་བཞི་ལ་ཏང་དྲིན་དྲན་པ་དང་མེས་རྒྱལ་ལ་གཅེས་ཤིང་ཁྲིམས་ལུགས་སྲུང་ལ་འབྱོར་འབྲིང་བསྐྲུན་པ་ཞེས་པའི་སྒྲོག་འགྲེལ་བྱེད་སྒོ་ཚོ་ཆུང་བཞི་བགོས་ཏེ་རྫོང་ཡོངས་ཀྱི་སྡེ་ཤང་དང་དགོན་པ་ནང་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།

རྫོང་སྒྲོག་འགྲེལ་པ་རྣམས་ཀྱིས་ཏང་ཀྲུང་དབྱངས་དང་ཞིང་ཆེན།  ཁུལ་བཅས་ཀྱི་བོད་སྐྱོང་བྱེད་ཕྱོགས་དང་དམངས་ཕན་སྲིད་ཇུས།  ཁྲིམས་ལྟར་རྫོང་སྐྱོང་། དབུལ་ཐར་འབྱོར་ལྡན་དང་སྲོལ་རྒྱུན་གསོ་སྐྱོང་བཅས་ཀྱི་ནང་དོན་གཙོ་བོར་དམིགས་ནས་དྲིལ་བསྒྲགས་གཏིང་ཟབ་གཏོང་ལ།  ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་བྱ་དགོས་པ་དང་ཁྲིམས་འཛིན་དུས་ངེས་པར་དུ་གཟབ་ནན་བྱ་དགོས་པ། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བྱ་དགོས་པ་ནི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བའི་རྩ་བའི་དགོས་འདུན་ཡིན་ཚུལ་སྒྲོག་འགྲེལ་གསལ་མོར་བཏང་།

ཁྱད་པར་དུ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ལ་ཏང་གི་དྲིན་བརྗེད་མི་རུང་ལ་ཏང་གི་ངག་ལ་ཉན་ཞིང་ཏང་གི་རྗེས་སུ་འབྲངས་པས་མ་ཚད་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བརྩི་སྲུང་དགོས་ཚུལ་སྐོར་བཤད་པ་དང་། ཉིན་འགའི་རིང་རྫོང་སྒྲོག་འགྲེལ་ཚོ་ཆུང་གིས་སྒྲོག་འགྲེལ་ཟབ་སྤེལ་བྱས་པར་བརྒྱུད་མང་ཚོགས་ཀྱིས་རྒྱལ་ཁབ་སྲིད་ཇུས་དང་ཁྲིམས་ལུགས་ཤེས་བྱ་སྐོར་ཤེས་རྟོགས་གསལ་པོ་ཡོང་བ་རེད།།


  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གཡང་ལ་གཤིས་ཤང་གིས་ཐུན་མོང་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བྱས།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གིས་ལྔ་གཅིག་དང་ལྔ་བཞི་དུས་ཆེན་བསུ།
  • དོ་སྣང་ཆེ་བའི་རྩོམ།