དར་མདོའི་ཕག་མོ་རིའི་བཞི་པའི་ཚེས་བརྒྱད་ཀྱི་རྒྱལ་སྤྱིའི་གནས་སྐོར་དུས་ཆེན།

ཀུན་དགའ་དང་ཡེ་ཤེས་གཉིས་ཀྱིས་བྲིས་ཤིང་པར་བླངས།        2017-05-04

 དར་མདོའི་ཕག་མོ་རིའི་བཞི་པའི་ཚེས་བརྒྱད་ཀྱི་རྒྱལ་སྤྱིའི་གནས་སྐོར་དུས་ཆེན།

      2017ལོའི་སྤྱི་ཟླ5པའི་ཚེས3ཉིན་ཏེ་བོད་ཟླ་བཞི་པའི་ཚེས་བརྒྱད་ཉིན། དར་མདོའི་ཕག་མོ་རི་བོའི་རྒྱལ་སྤྱིའི་གནས་སྐོར་དུས་ཆེན་གཟབ་རྒྱས་ངང་བཏང་བ་རེད།  ཉིན་འདིར་ཕྱོགས་བཞི་མཚམས་བརྒྱད་ནས་འོངས་པའི་སྐུ་མགྲོན་རྣམས་དར་མདོའི་ཕག་མོ་རི་བོའི་གདན་ཐོག་ལ་འཛོམས་ཏེ་ཆོས་མཇལ་གནས་སྐོར་བྱེད་པ་དང་། ཡིད་དབང་འཕྲོག་པའི་གླུ་གར་འཁྲབ་སྟོན་སོགས་ལ་ཚིམ་མེད་དུ་རོལ་བ་རེད།


དར་མདོའི་ཕག་མོ་རིའི་བཞི་པའི་ཚེས་བརྒྱད་ཀྱི་རྒྱལ་སྤྱིའི་གནས་སྐོར་དུས་ཆེན།
དར་མདོའི་ཕག་མོ་རིའི་བཞི་པའི་ཚེས་བརྒྱད་ཀྱི་རྒྱལ་སྤྱིའི་གནས་སྐོར་དུས་ཆེན།
དར་མདོའི་ཕག་མོ་རིའི་བཞི་པའི་ཚེས་བརྒྱད་ཀྱི་རྒྱལ་སྤྱིའི་གནས་སྐོར་དུས་ཆེན།


       སྔ་དྲོའི་ཆུ་ཚོད་དགུ་པའི་སྟེང་ཕག་མོ་རི་བོའི་གདན་ཐོག་ན་སྟོན་པའི་ཞལ་ཐང་ཆེན་མོ་བཤམས་ཤིང་། བསང་དུད་དཀར་པོ་དགུང་ལ་འཕྱུར་ཞིང་དུང་སྒྲ་སྙན་མོ་བར་སྣང་དུ་འགེངས་ཏེ་གླུ་གར་གྱི་མཆོད་པའི་འགོ་ཚུགས་པ་རེད། དཀར་མཛེས་ཁུལ་གླུ་གར་ཚོགས་པ་དང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། དར་མདོའི་སློབ་འབྲིང་། ཞིན་ཝུའུ་ཅུས་ཏུང་ཞབས་བྲོའི་སློབ་གྲྭ།  བོན་པོ་གཤིས་མི་ཉག་སྐོར་བྲོ་རུ་ཁག་བཅས་ཀྱིས་རིག་རྩལ་འཁྲབ་སྟོན་དང་སྙན་པའི་གླུ་དབྱངས་ཕྱོགས་བཞི་མཚམས་བརྒྱད་ནས་འོངས་པའི་གཟིགས་མོ་བ་རྣམས་ལ་ཕུལ་བ་རེད། འཁྲབ་སྟོན་ལེ་ཚན་མཇུག་རྫོགས་རྗེས། དཀར་མཛེས་ཁུལ་སྲིད་གཞུང་གིས་གཙོ་གཉེས་བྱས་ཤིང་། དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་ཅུས་དང་དར་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་གཉིས་ཀྱིས་སྒྲུབ་འགན་འཁུར་བའི2017ལོའི་དར་མདོ་ཕག་མོ་རི་བོའི་རྒྱལ་སྤྱིའི་རི་འཛེགས་འགྲན་བསྡུར་ནང་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་ཐོབ་མཁན་ལ་བྱ་དགའ་སྤྲད་པ་རེད།


དར་མདོའི་ཕག་མོ་རིའི་བཞི་པའི་ཚེས་བརྒྱད་ཀྱི་རྒྱལ་སྤྱིའི་གནས་སྐོར་དུས་ཆེན།
དར་མདོའི་ཕག་མོ་རིའི་བཞི་པའི་ཚེས་བརྒྱད་ཀྱི་རྒྱལ་སྤྱིའི་གནས་སྐོར་དུས་ཆེན།
དར་མདོའི་ཕག་མོ་རིའི་བཞི་པའི་ཚེས་བརྒྱད་ཀྱི་རྒྱལ་སྤྱིའི་གནས་སྐོར་དུས་ཆེན།


     བྱེད་སྒོ་སྤེལ་རིང་། ཡུལ་སྐོར་བ་རྣམས་དང་ལྟད་མོ་རྣམས་ཀྱིས་སྒྲིག་རང་འཁུར་གྱིས་གད་སྙིགས་སོགས་གང་དགར་མི་འཕེན་པ་དང་། དར་མདོའི་གྲོང་ཁྱེར་དྲིལ་བསྒྲགས་པུའུ་དང་གུང་གཞོན་ཚོགས་པས་སྒྲུབ་གཉེར་བྱས་པ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་དར་མདོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་སྒྲུབ་འགན་འཁུར་བའི་གད་སྙིགས་ནོར་རྫས་སུ་བསྒྱུར་དང་གད་སྙིགས་གོ་ཆོད་པ་བཟོ་རྒྱུའི་བྱེད་སྒོ་སྤེལ་ནས་ལས་རིགས་སོ་སོ་ནས་འོངས་པའི་དང་བླངས་པ་རྣམས་ཀྱིས་གདན་ཐོག་གི་གད་སྙིགས་རྣམས་གཙང་མ་འཐུ་བ་རེད།།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་དུས་དང་བསྟུན་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་ཚྭ་ལུང་གྲོང་རྡལ་གྱིས་འཁོར་རིགས་འཇོག་སར་གཅིག་གྱུར་དོ་དམ་བྱས།
  • དོ་སྣང་ཆེ་བའི་རྩོམ།