དཀར་མཛེས་རྫོང་ནས་རྫ་ཁོག་བར་གྱི་སྣུམ་ལམ་ལས་འགོ་བཙུགས།

ལས་ཞོར་གསར་འགོད་པ་ཡེ་ཤེས་ཕན་བདེ།        2017-05-04

དཀར་མཛེས་རྫོང་རྫ་ཁོག་ཤང་ནི་གྲོང་སྡེ15དང་མི་གྲངས་སྟོང3ལྷག་ཡོད་པའི་ཤང་ཞིག་ཡིན། རྫོང་དང་བར་ཐག་སྤྱི་ལེ50.2ཡོད། ལམ་དེ་ལེགས་འགྲུབ་ཡོངས་རྗེས་རྫ་ཁོག་དང་ཟླ་སྟོད་མའི་མང་ཚོགས་ཀྱི་འགྲོ་སྐྱོད་ཐད་སྔར་བས་སྟབས་བདེ་མོ་ཡོང་ངེས་རེད།

ཞིང་པའི་གྲོང་སྡེའི་བསྟན་འཛིན་རབ་རྒྱས་ཀྱིས་སྤྲོ་སྐྱིད་ངང་ནས། དེའི་སྔོན་རྫོང་གིས་ཐེངས་མང་པོ་ལས་ཚར་བ་རེད། རེད་དེ་དབྱར་ཁར་ཆར་པ་འབབ་དུས་ཡང་ན་ལམ་སྟོད་ཀྱི་གད་པ་ཆད་ནས་ལམ་བཀག་པ་དང་། ཡང་མིན་ན་ཉག་ཆུ་འབྲུབ་ནས་ལམ་གཞི་ཆུས་ཁུར་འགྲོ་བ་རེད།  དེང་སང་རྫོང་གིས་སྒོར་མོ་དུང་ཕྱུར1.3བཏང་ནས་ལམ་བསྐྱར་ལས་བྱ་རྒྱུ་རེད་ཟེར། ལམ་ངོས་སྨི6ཁ་ཤས་འགི་ཟེར། ད་ལོ་ལོ་མཇུག་ལ་ལས་མཚམས་རྫོགས་རྒྱུ་རེད་ཟེར་བཞིན་འདུག  དེ་འདྲ་ཡིན་ན་ང་ཚོ་འགྲོ་འོང་བྱེད་པར་ཕན་ཐོགས་ཆེན་པོ་འགི་ཞེས་བཤད་པ་རེད།

སྔོན་མ་འདྲ་ཡིན་ན། ངའི་ཨ་ཕ་དཀར་མཛེས་ལ་ཚོགས་འདུ་འཚོག་སར་འགྲོ་དགོས་དུས་རྟ་ཞོན་ནས་འགྲོ་དགོས་རེད། ངའི་ཨ་ཕའི་བཀའ་དྲིན་གྱིས་ང་རང་ཡང་ཏང་ཡོན་ནང་དུ་ཞུགས་ཐུབ་བྱུང་། དེ་རྗེས་ང་རང་རྗོང་དུ་སློབ་སྦྱོང་འགྲོ་དུས་སུ་ཡང་སྣུམ་ལམ་ལས་མི་འདུག རླངས་འཁོར་ཡང་ཤང་སྲིད་གཞུང་ལས་ནམ་གཏོགས་ཡོད་མ་རེད། ང་ཚོ་ཡང་ཤང་གི་རླངས་འཁོར་དུ་བསྡད་ནས་འགྲོ་དགོས་རེད། དཀར་མཛེས་རྫོང་དུ་སླེབས་རྗེས་ལུས་པོ་མགོ་ནས་མཇུག་བར་ཐལ་སྐྱ་ཕུར་ཕུར་ཡིན་མཁན་རེད། དེ་རྗེས་སྣུམ་ལམ་ལས་ཡོད་རེད། དེང་སང་འདྲ་ཡིན་ན་ཡང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར1.3བཏང་ནས་ཡང་ལམ་དེ་ལས་བཞིན་འདུག  ང་ཚོ་རྫ་ཁོག་ལ་བཤད་ན་ཏང་གི་བཀའ་དྲིན་ནི་བླ་ན་མེད་པ་རེད། རྫ་ཁོག་ཤང་འོ་ལ་གྲོང་པའི་ཏང་ཡོན་རྒན་རབས་ཉི་མས་འཛུམ་དམུལ་དམུལ་ངང་སྐད་ཆ་དེ་བཤད་པ་རེད།

དཀར་མཛེས་རྫོང་གི་དབུལ་སྐྱོར་གནད་སྨིན་གྱི་གོ་སྐབས་བཟང་པོ་དེ་དམ་འཛིན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དཀའ་ངལ་ལ་སེམས་ཁུར་བྱས་ཤིང་མང་ཚོགས་ཀྱི་འཚོ་བར་ཡར་རྒྱས་ཡོང་བར་གཞུང་ལམ་ཡག་པོ་ཞིག་བསྐྲུན་དགོས་པའི་འདུ་ཤེས་བཅངས་ནས། 2015ལོ་ནས2020བར་གྱི་འཆར་གཞིའི་གོ་རིམ་བསྟུན་ནས་དབུལ་པོའི་མི་འབོར་ཚང་མ་དབུལ་སྒྲོལ་ཐུབ་པ་དང་དབུལ་པོ་གྲོང་ཚོ་མེད་པར་བཟོ་བ། རྫོང་ཡོངས་སུ་དབུལ་པོའི་ཞྭ་མོ་ཕུད་ཐུབ་པའི་ཆེད་དུ་དཀར་མཛེས་རྫོང་གི་མང་ཚོགས་དང་ལས་བྱེད་པ་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།།


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གིས་ལྔ་གཅིག་དང་ལྔ་བཞི་དུས་ཆེན་བསུ།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་དུས་དང་བསྟུན་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།