ཉག་རོང་རྫོང་ཞིང་འབྲོག་ཅུས་ཀྱིས་མང་ཚོགས་ལ་ཞིང་སྤྱོད་དངོས་རྫས་སྦྱིན་ནས་དཔྱིད་རྨོད་ཐོན་སྐྱེད་ལ་སྐུལ་འདེད་བཏང་།

ཡེ་ཤེས་ལྷ་མོ།        2017-04-27

ཉག་རོང་རྫོང་ཞིང་འབྲོག་ཅུས་ཀྱིས་མང་ཚོགས་ལ་ཞིང་སྤྱོད་དངོས་རྫས་སྦྱིན་ནས་དཔྱིད་རྨོད་ཐོན་སྐྱེད་ལ་སྐུལ་འདེད་བཏང་།

    ཉེ་ཆར། ཉག་རོང་རྫོང་གི་ཞིང་འབྲོག་ལས་ཀྱི་དབུལ་སྐྱོར་ཐོན་རྫས་ལས་གཞི་བདེ་བླག་ངང་ལག་བསྟར་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོ། དབུལ་ཐར་གྱི་ཞྭ་མོ་འབུད་ནས་འབྱོར་ལྡན་གྱི་དམིགས་འབེན་མངོན་འགྱུར་བཅས་འགན་ལེན་ཏན་ཏིག་ཡོང་ཆེད། རྫོང་ཞིང་འབྲོག་ཅུས་ཀྱིས་རྫོང་ཡོངས་ཀྱི་ཐོན་སྐྱེད་འཕེལ་རྒྱས་འཆརའགོད་དང2017ལོའི་ཞིང་འབྲོག་ལས་ལས་གཞིའི་འཆར་གཞིར་དམིགས་ཏེ། ཞིང་མ་རྨོའི་སྔོན་དུ་ས་བོན་དང་རྫས་ལུད། ཞིང་སྨན། ཞིང་སྤྱོད་འགྱིག་ཤོག་སོགས་ཞིང་ལས་ཐོན་སྐྱེད་དངོས་རྫས་ཉོ་སྒྲུབ་དང་གཏོང་འདྲེན་ལས་ཀ་ལེགས་སྒྲུབ་བྱས་པ་རེད།

ཉག་རོང་རྫོང་གི2017ལོའི་ཐོན་སྐྱེད་དབུལ་སྐྱོར་དང་ཁྱད་ཆོས་ལྡན་པའི་ཐོན་ལས་རྟེན་གཞི་འཛུགས་པའི་མཛད་སྒོ་སྤེལ་ནས་ཞིང་སྤྱོད་དངོས་རྫས་ལས་ཡུལ་དངོས་སུ་འགྲེམ་གཏོང་བྱེད་པའི་ཚོགས་འདུ་འཚོགས་པ་རེད། ཐེངས་འདིར་ཞིང་འབྲོག་མང་ཚོགས་ལ་རྒྱ་གྲོ་མའི་ས་བོན་རྒྱ་མ་ཁྲི8དང་ནས་སོན་བཟང་རྒྱ་མ་ཁྲི9  སྔོ་ཚོད་ས་བོན་ཁུག་མ12000  སྣུམ་ཚོད་ས་བོན་རྒྱ་མ4200 ཞིང་སྨན་སྒམ2764 རྩྭ་ས་བོན་ཏུན8 ཞིང་སྤྱོད་འགྱིག་ཤོག་ཐུམ་ཆེན140 རྫས་ལུད་ཏུན60 རྨོ་ཡུར་འཕྲུལ་འཁོར162དང་སྨན་ཆུ་གཏོར་ཆས41བཅས་འགྲེམ་གཏོང་བྱས་པ་རེད། རྒྱ་ཆེན་མང་ཚོགས་ལ་སྙིང་ཉེ་བའི་ཞབས་འདེགས་བསྒྲུབས་པས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད། 

  • ལེ་ཚན་སྔོན་མ།:མདའ་མདོ་ཤང་འོབས་རོང་གྲོང་པས་ཞིང་མུའུ210ལྷག་ཙམ་ལ་ཞོག་ཁོག་འདེགས་འཛུགས་བྱས།
  • ལེ་ཚན་རྗེས་མ།:དར་མདོ་ས་ཁུལ་དུ་ཁ་བ་ཆེན་པོ་བབས་ནས་རྒྱུ་ལའི་བགྲོད་ལམ་འགག
  • དོ་སྣང་ཆེ་བའི་རྩོམ།