མདའ་མདོ་ཤང་འོབས་རོང་གྲོང་པས་ཞིང་མུའུ210ལྷག་ཙམ་ལ་ཞོག་ཁོག་འདེགས་འཛུགས་བྱས།

ཡེ་ཤེས་ཕན་བདེ།        2017-04-27

མདའ་མདོ་ཤང་འོབས་རོང་གྲོང་པས་ཞིང་མུའུ210ལྷག་ཙམ་ལ་ཞོག་ཁོག་འདེགས་འཛུགས་བྱས།

    ཉེ་ཆར། དཀར་མཛེས་རྫོང་མདའ་མདོ་ཤང་འོབས་རོང་གྲོང་པས་དཔྱིད་རྨོད་ཀྱི་དུས་ཚོད་དམ་འཛིན་བྱས་ནས་ཞོག་ཁོག་དང་པད་ཁ་འདེགས་འཛུགས་ཀྱི་གྲ་སྒྲིག་བྱེད་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེའི་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱིས་མདའ་མདོ་ཤང་འོབས་རོང་གྲོང་པ་ལ་རྒྱ་གྲོ་མའི་ས་བོན་རྒྱ་མ་ཁྲི4.22དང་བཅུད་ལྡན་ལུད་རྒྱ་མ་ཁྲི1.18སྦྱིན་ནས་ཡུག་འབྲེལ་པའི་ཞིང་མུའུ210ལྷག་ཙམ་ལ་རྒྱ་གྲོ་མ་འདེགས་འཛུགས་བྱས་ཤིང་། འོབས་རོང་གྲོང་སྡེའི་གྲོང་མི59དང་འདྲུད་འཁོར13ཙམ་འདེགས་འཛུགས་ནང་དུ་ཞུགས་པ་རེད།།

 

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་ཐེངས་བཅོ་བརྒྱད་པའི་ཚོགས་གཙོ་རྒྱས་འཛོམས་གྲོས་ཚོགས་དང་གསོ་སྦྱོང་གྲོས་ཚོགས་དར་མདོར་འཚོགས། 
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་ཞིང་འབྲོག་ཅུས་ཀྱིས་མང་ཚོགས་ལ་ཞིང་སྤྱོད་དངོས་རྫས་སྦྱིན་ནས་དཔྱིད་རྨོད་ཐོན་སྐྱེད་ལ་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།