རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་ཧྥུ་ཧོ་རང་ཁུལ་དུ་དབུལ་ཐར་འགག་སྒྲོལ་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2017-04-24

སྤྱི་ཟླ4པའི་ཚེས12ཉིན་ནས16ཉིན་བར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། སྔོན་ཐོན་དམངས་གཙོ་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ལུའོ་ཧྥུ་ཧོ་ཡིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ལྟ་སྐུལ་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་སྣེ་ཁྲིད་དེ་དཔལ་ཡུལ་རྫོང་ལ་ཕེབས་ནས་རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལས་ཀར་ལྟ་སྐུལ་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ལས་ལས་སྒྲུབ་ཨུ་ལྷན་གྱི་ཀྲུའུ་རེན་ཆུས་མུའུ་ཧྲི་ཧ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཧྥུང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་སོགས་ཁག་བགོས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་སར་ཕེབས་རོགས་མཛད་པ་རེད།

བསྟུད་མར་ཉིན་ཁ་ཤས་རིང་ལ་ལུའོ་ཧྥུ་ཧོ་དང་བཅས་པས་སྔོན་རྗེས་སུ་དཔལ་ཡུལ་རྫོང་ཧོར་སྤོ་ཤང་ཕུག་མ་གྲོང་སྡེ་དང་རོང་འགེབས་ཤང་གཡུ་པ་གྲོང་སྡེ་དང་ཛོང་ཤོད་གྲོང་སྡེ། གཙང་མདོ་ཤང་རྐོ་སྡེ་གྲོང་སྡེ། ཨ་འཛི་ཤང་ཁྲོམ་སྐོར་གྲོང་སྡེ། རྫོང་སློབ་འབྲིང་། རྫོང་ཆ་ཚང་སློབ་ཆུང་གཉིས་པ། རྫོང་མི་དམངས་སྨན་ཁང་། རྫོང་བོད་སྨན་ཁང་སོགས་ལ་ཕེབས་ནས་དབུལ་སྐྱོར་ལས་གཞི་འཛུགས་སྐྲུན་དང་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས། དབུལ་སྐྱོར་འགག་སྒྲོལ་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་དང་སྐུལ་འདེད་གཏོང་ཚུལ་སོགས་ཀྱི་ཐད་གཟིགས་ཞིབ་གནང་བ་རེད།

བརྟག་དཔྱད་ཞིབ་འཇུག་གནང་རིང་ལུའོ་ཧྥུ་ཧོ་དང་བཅས་པ་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་ཐོན་སྐྱེད་དང་འཚོ་བའི་འགྱུར་ལྡོག་བྱུང་ཚུལ་རྒྱུས་ལོན་མཛད་པ་དང་། སློབ་གྲྭའི་སློབ་ཁང་དུ་ཕེབས་ནས་སློབ་གསོར་འགྱུར་ལྡོག་བྱུང་ཚུལ་ལ་རྒྱུས་ལོན་མཛད། ཐོན་ལས་རྟེན་གཞིའི་ཡུལ་དངོས་སུ་ཕེབས་ནས་དཔལ་འབྱོར་འཕེལ་རྒྱས་བྱུང་ཚུལ་ལ་རྒྱུས་ལོན་མཛད།  སྨན་ཁང་དུ་ཕེབས་ཏེ་སྨན་བཅོས་ཞབས་འདེགས་འགྱུར་ལྡོག་བྱུང་ཚུལ་ལ་རྒྱུས་ལོན་མཛད་པའི་དུས་མཚུངས་སུ།  ཡུལ་དེ་གའི་ལས་བྱེད་པ་དང་མང་ཚོགས། སྨན་པ། དགེ་རྒན། སློབ་མ་སོགས་དང་ཞལ་བརྡ་ལབ་རེས་མཛད་པ་རེད། ལས་ཀའི་སྙན་སེང་ཞུ་བ་དང་ལས་ཀའི་གནས་ཚུལ་ངོ་སྤྲོད་བྱས་པར་གསན་འཇོག་གནང་རྗེས་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དང་ལས་བྱེད་པའི་རོགས་སྐྱོར་བྱུང་ཚུལ། མང་ཚོགས་ཀྱི་བློར་བབ་པ་སོགས་ཀྱི་ལས་ཀའི་འཕེལ་ཚུལ་དྲིས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཏང་ཚུལ། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་འདོད་བློ་དང་བསམ་འཆར་ལ་རྒྱུས་ལོན་ཞིབ་ཕྲ་མཛད་པ་རེད།

ལུའོ་ཧྥུ་ཧོ་ཡིས་ནན་གསུང་གནང་དོན།   དབུལ་ཐར་འགག་སྒྲོལ་ལས་ཀ་ནི་གལ་ཆེའི་ཆབ་སྲིད་ལས་འགན་ཡིན་ལ།   གལ་ཆེ་བའི་དམངས་འཚོ་ལས་གྲྭ་ནི་དེ་བས་ཀྱང་ཡིན་པར་བརྟེན།   ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དེ་གོ་སྐབས་ཤིག་ཏུ་བརྩིས་ནས་འཐབ་ཇུས་ཐོག་མུ་མཐུད་ནས་ལེགས་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ།   རྨང་གཞིའི་སྒྲིག་བཀོད་ལ་ཤུགས་སྣོན་རྒྱག་པ་དང་ཁྱད་པར་དུ་ས་ཁོངས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་མྱུར་ཚད་ལ་ཤུགས་སྣོན་བརྒྱབ་སྟེ་སྔ་ཙམ་ས་འབྲེལ་ཁྱབ་ཁོངས་ཀྱི་དཔལ་འབྱོར་ས་ཁུལ་ཆེ་གྲས་གྲུབ་པ་བྱ་དགོས། བསམ་ཕྱོགས་རྒྱ་སྐྱེད་བཏང་ནས་མཐོ་སྒང་གི་གདོད་མའི་སྐྱེ་ཁམས་ཀྱི་བཟའ་བཅའ་ཐོན་ལས་འཕེལ་རྒྱས་གཏང་རྒྱུས་སྐུལ་ཁྲིད་བྱས་ནས་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལྷད་མེད་དང་སྐྱེ་ཁམས། སྐྱེ་ལྡན།   སྤུས་ལེགས་ཀྱི་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་ཀྱི་ཐོན་རྫས་བཏོད་དགོས། བཟོ་ཁང་ཆུང་གྲས་ཐོན་སྐྱེད་ལས་སྣོན་དང་ཚོང་ར་ཆེན་པོར་བཙོངས་ནས་ཡོང་འབབ་འཕར་སྣོན་གཏང་རྒྱུ་ཟུང་འབྲེལ་བྱ་རྒྱུར་འཚོལ་ཞིབ་བྱས་ཏེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དབུལ་ཐར་འགག་སྒྲོལ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱ་དགོས།། 


  • ལེ་ཚན་སྔོན་མ།:ལྗང་མདོག་འཕེལ་རྒྱས་གཏོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་ཞན་སར་ཁ་གསབ་ཇེ་མགྱོགས་བྱ་དགོས།
  • ལེ་ཚན་རྗེས་མ།:རང་ཁུལ་ཡུན་རིང་འཕེལ་རྒྱས་གཏོང་བའི་གནད་འགག་ནི་ས་གནས་རང་ཉིད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཐུག་ཡོད།
  • དོ་སྣང་ཆེ་བའི་རྩོམ།