ལྗང་མདོག་འཕེལ་རྒྱས་གཏོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་ཞན་སར་ཁ་གསབ་ཇེ་མགྱོགས་བྱ་དགོས།

དབྱངས་ཅན་གྱིས་བསྒྱུར།        2017-04-24

ཉེ་ཆར། 2017ལོའི་ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས་པ་རེད།

གྲོས་ཚོགས་ཐོག2016ལོའི་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་ལས་ཀ་ཕྱོགས་བསྡོམས་བྱས་ཤིང་། 2017ལོའི་ཁོར་ཡུག་སྲུང་སྐྱོང་ལས་ཀ་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་སངས་དགའ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲེན་ཐེན་ཆང། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྥན་ཝུན་ཧྭ་གྲོས་ཚོགས་ནང་ཞུགས་པ་རེད།

2016ལོར་ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་མ་ལག་གིས་དམིགས་ཡུལ་ལས་འགན་སོ་སོ་ཅུང་ཡག་པོ་གྲུབ་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འགོ་ཡག་པོ་འཛུགས་ཐུབ་ཡོད་པ་རེད།  གྲོས་ཚོགས་ཐོག་བསྟན་དོན། ད་ལོར་ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ལས་ཀའི་སྤྱིའི་བསམ་ཕྱོགས་ནི་ཁྱོན་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུའི་ཐབས་ཇུས་བཀྲོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་ཅིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་ཆགས་པ་བྱས་ཏེ་ཞིང་ཆེན་དང་ཁུལ་ཨུའི་ལྗང་མདོག་འཕེལ་རྒྱས་ཀྱི་གྲོས་ཆོད་དོན་འཁྱོལ་ནན་ཏན་བྱ་དགོས། 2017ལོ་དེ་ཁོར་ཡུག་གི་སྤུས་ཚད་ཇེ་ཡག་གཏང་རྒྱུའི་ལོ་འཁོར་ལ་གཏན་འཁེལ་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་ཞན་སར་ཁ་གསབ་ཇེ་མགྱོགས་སུ་བྱས་ནས་ནམ་མཁའ་སྔོ་ཞིང་ས་གཞི་ལྗང་མདོག་གྱུར།  ཆུ་བོ་དྭངས་ཤིང་ཁོར་ཡུག་མཛེས་པའི་སྐྱེ་ཁམས་ཀྱི་ཡུལ་ལྗོངས་དེ་བས་མངོན་པ་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ཀྱི་དཀར་མཛེས་ཁུལ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པ་རེད།

གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་མ་ལག་གིས་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་ཐུབ་པའི་དམིགས་ཡུལ་ལ་དམ་པོར་གཞིགས་ཏེ། ཏན་ཏིག་གིས་ཁོར་ཡུག་སྲུང་སྐྱོང་ལས་ཀའི་འགན་འཁྲི་འདུ་ཤེས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་ལེགས་བཅོས་བྱ་རྒྱུར་དམ་འཛིན་བྱས་ནས་མཛེས་སྡུག་སྐྱེ་ཁམས་ཀྱི་མིང་བྱང་མཛེས་པོ་འདི་དང་ཁྱད་རྟགས་གྲགས་ཅན་ཆེ་ཤོས་འདི་བསྐྲུན་གང་ཐུབ་བྱ་དགོས། སྐྱེ་ཁམས་དཔལ་ཡོན་འཕེལ་རྒྱས་གཏང་རྒྱུའི་འཐབ་ཇུས་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀའི་རྣམ་པ་གསར་བསྐྲུན་བྱེད་གང་ཐུབ་བྱས་ཏེ། ཁྱོན་ཡོངས་ནས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀའི་འགན་འཁྲི་སྣ་ཚོགས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་ཏང་ཨུའི་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མིའི་ཚོགས་ཆེན་འཚོག་པར་ལེགས་སྐྱེས་འབུལ་དགོས།

ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གིས་གྲོས་ཚོགས་ཐོག་ལྟ་ཞིབ་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་ནས། རང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པའི་རྨང་གཞིའི་ཐོག ལྟ་ཞིབ་ཚོ་ཆུང་གིས་གནད་དོན་གྱི་ཁུངས་སྣེ78སྤྲད་པར་མ་ཟད་ལེགས་བཅོས་བྱ་རྒྱུའི་གྲོས་གཞི་བཏོན་པ་རེད།

གྲོས་ཚོགས་ཐོག  ཁུལ་སྲིད་གཞུང་གིས་རྫོངགྲོང་ཁྱེརསོ་སོའི་མི་དམངས་སྲིད་གཞུང་དང《2017ལོའི་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཡུལ་འགན་འཁྲིའིགན་རྒྱ་བཞག་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་རྫོང(གྲོང་ཁྱེར)14ཡི་གྲོང་སྡེ93 སི་ཁྲོན་ཞིང་ཆེན་གྱི་ཚན་པ་གསུམ་པའི་སྲོལ་རྒྱུན་གྲོང་སྡེའི་མིང་ཐོ་ནང་ཚུད།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་ཧྥུ་ཧོ་རང་ཁུལ་དུ་དབུལ་ཐར་འགག་སྒྲོལ་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་།
  • དོ་སྣང་ཆེ་བའི་རྩོམ།