ཁུལ་ཡོངས་ཀྱི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2017-04-17

ཉེ་ཆར། ཁུལ་ཡོངས་ཀྱི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་ཚོགས་འདུ་དེ་དར་མདོར་འཚོགས་པ་རེད།  ཚོགས་འདུའི་ཐོག་ན་ནིང་ལོའི་ཁུལ་ཡོངས་ཀྱི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་ཀ་དོན་འཁྱོལ་བྱས་ཚུལ་ལ་ཕྱོགས་བསྡོམས་བྱས་པ་དང་།  ད་ལོའི་ཏང་འཛུགས་སྐྱོང་ལས་ཀའི་དམིགས་འབེན་ལས་འགན་དང་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།  ཁུལ་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ།  ཁུལ་ཐད་གཏོགས་ལས་སྒྲུབ་ཨུ་ལྷན་གྱི་ཧྲུའུ་ཅི་སྐལ་བཟང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།

ད་ལོར་ཁུལ་ཡོངས་ཀྱི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་གཙོ་གནད་ལས་དོན་ཁག་ལྔ་བསྒྲུབ་དགོས་པ་སྟེ།  གཅིག་ནི་འགན་འཁྲི་སྒྲུབ་སེམས་ཇེ་དྲག་ཏུ་གཏོང་བ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཚོག་པར་དགའ་བསུ་ཞུ་བའི་ལས་ཀ་སོ་སོ་ཡག་པོ་བསྒྲུབ་དགོས།  གཉིས་ནི་རིགས་པའི་གཞུང་ལུགས་ཀྱིས་དྲག་སྤྲས་ནས་སྦྱང་བྱ་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་དེ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས།  གསུམ་ནི་གསར་གཏོད་ལ་སྐུལ་འདེད་དང་གཞི་རིམ་རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏང་དགོས། བཞི་ནི་ལས་ཁུངས་ཀྱི་སྤྱོད་ཚུལ་རྒྱུན་མཐུད་དུ་ལེགས་བཅོས་བྱས་ཏེ་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་འཛུགས་སྐྱོང་སྲ་བརྟན་གཏང་དགོས།  ལྔ་ནི་དབུལ་ཐར་འགག་སྒྲོལ་ལ་དམ་པོར་དམིགས་ནས་གྲོང་གསེབ་ཏུ་བཅའ་སྡོད་བྱས་ནས་རོགས་སྐྱོར་བྱེད་པའི་ལས་ཀར་སྐུལ་འདེད་གཏང་དགོས།།

  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་གྲོས་བསྡུར་ཆེན་པོའི་བྱེད་སྒོ་ཁུལ་རིམ་པའི་སྡེ་ཁག་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་ཐོག་གྲོས་བསྡུར་ཆེན་པོའི་བྱེད་སྒོ་འདི་ཕྱི་ཚུལ་དང་བ
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་ཕོག་ཐག་ཤང་གི་གྲོང་སྡེར་བཅའ་སྡོད་བྱེད་མཁན་གྱི་ལས་བྱེད་པས་དཔྱིད་རྨོད་ལས་ཀར་རོགས་རམ་བྱས།
  • དོ་སྣང་ཆེ་བའི་རྩོམ།