ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་གྲོས་བསྡུར་ཆེན་པོའི་བྱེད་སྒོ་ཁུལ་རིམ་པའི་སྡེ་ཁག་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་ཐོག་གྲོས་བསྡུར་ཆེན་པོའི་བྱེད་སྒོ་འདི་ཕྱི་ཚུལ་དང་བཟོ་ལྟ་ཙམ་བྱེད་མི་ཉན་ཞེས་གསུངས།

ལྷ་འཛོམས་ཀྱིས་བསྒྱུར།        2017-04-17

 

 

ཟླ་བ4པའི་ཚེས5ནས་ཚེས6ཉིན་བར་རང་ཁུལ་གྱི་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེ་རུ་གཏོང་བ། ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་གྲོས་བསྡུར་ཆེན་པོའི་བྱེད་སྒོའི་ཁུལ་རིམ་པའི་ལས་ཁུངས་སུ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་གྲོས་ཚོགས་ནང་ཞུགས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས། ཁུལ་གྱི་འགོ་ཁྲིད་ཧྲེན་དབྱང་དང་བྱམས་བློ་།ཀྲའོ་པོ། ལིའུ་ཅི་ཞང་། ཐན་ཞའོ་ཀྲེན། ཧྲུའུ་ཏ་ཁྲུན། སྐལ་བཟང་སོགས་གྲོས་ཚོགས་ནང་ཞུགས་ཡོད།

ལིའུ་ཁྲེང་མིང་གིས་ཁུལ་ཏང་ཨུ་དང་ཚོགས་སྤྱི། ཞིང་ལས། སྲིད་ཁྲིམས། དཔལ་འབྱོར་། སྤྱི་ཚོགས་བྱ་གཞག དམངས་འཚོ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མ་ལག་གིས་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ། ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་གྲོས་བསྡུར་ཆེན་པོའི་བྱེད་སྒོ་སྤེལ་ཚུལ་གྱི་སྙན་སེང་ལ་གསན་འཇོག་གནང་རྗེས་གསུངས་དོན། རིམ་པ་ཁག་གི་སྙན་སེང་ཞུ་བའི་གནས་ཚུལ་ལ་བལྟས་ན་ཁུལ་རིམ་པའི་སྡེ་ཁག་སོ་སོས་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ། ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་གྲོས་བསྡུར་ཆེན་པོའི་བྱེད་སྒོ་སྤེལ་དུས་བྱ་སྤྱོད་མྱུར་དུ་སྤེལ་བ་དང་བསམ་བློ་གཅིག་གྱུར་། ཡོངས་ཁྱབ་ཏུ་སྐུལ་སློང་། སྒྲིག་འཛུགས་ཞིབ་ཚགས་བཅས་བྱས་ནས་ལས་ཀའི་ཁྲོད་དངོས་སུ་ཡོད་པའི་གནད་དོན་ལ་དམིགས་ཡོད་པ་རེད།  ཡིན་ནའང་སྤྱི་ཡོངས་ལ་བལྟས་ན། སྔོན་ཐོན་ལ་དཔེར་བསྡུར་བྱ་རྒྱུ་མི་འདང་བ། རིམ་གྲས་དང་པོ་བསྐྲུན་རྒྱུར་བརྩོན་ལེན་བྱེད་པའི་སྙིང་སྟོབས་མི་འདང་བ། གྲོས་བསྡུར་ཆེན་པོའི་བྱེད་སྒོ་དང་ལམ་ལུགས་འཛུགས་སྐྲུན་ཟུང་འབྲེལ་བྱ་རྒྱུ་མི་འདང་བ། སྦྱོང་སྤྱོད་ཟུང་འབྲེལ་བྱེད་པའི་དག་ཐེར་བཅོས་སྐྱོང་གི་ཐབས་ཤེས་ཞིབ་ཚགས་བཟོ་རྒྱུ་མི་འདང་བ་སོགས་ཀྱི་གནད་དོན་ཡོད་པ་རེད། ཁོང་གིས་བསམ་བློ་བཅིང་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ། ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་བྱེད་སྒོ་དེ་སྦྱང་བྱ་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ཟུང་འབྲེལ་བྱ་དགོས། ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་བསམ་ཕྱོགས་དང་ཟུང་འབྲེལ་བྱ་དགོས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་དང་ཁུལ་ཨུའི་བཏོན་པའི་འབད་འཐབ་དམིགས་འབེན་སོ་སོ་དང་ཟུང་འབྲེལ་བྱ་དགོས།  རང་ཉིད་ཀྱི་ལས་རྐང་དང་ཟུང་འབྲེལ་བྱ་དགོས། གྲོས་བསྡུར་ཆེན་པོའི་བྱེད་སྒོ་དེ་ཕྱི་ཚུལ་ཙམ་དུ་གཏན་ནས་བྱེད་མི་ཉན་ཞེས་ནན་གསུང་གནང་བ་རེད།

ལི་ཁང་གིས་རིམ་པ་ཁག་དང་སྡེ་ཁག་སོ་སོར་གྲོས་བསྡུར་ཆེན་པོའི་བྱེད་སྒོའི་ཁྲོད་ཀྱི་ངོས་འཛིན་གནས་ཐོག་མི་འཁེལ་བ་དང་ཕྱི་ཚུལ་ཙམ་བཟོས་པ།  གཙོ་གནད་མངོན་གསལ་མིན་པ་སོགས་ཀྱི་གནད་དོན་ལ་ལྟ་སྟངས་ཡང་དག་པ་འཛིན་ཞིང་། བྱེད་སྒོ་དེ་དངོས་སྒྲུབ་ཀྱི་རྣམ་འགྱུར་ཁྱེར་ནས་འཛིན་དགོས་པ་དང་འཇོན་ནུས་ཇེ་ཆེར་གཏང་རྒྱུས་གཙོ་གནད་བྱས་ནས་འཛིན་དགོས། ལས་ཀར་གྲུབ་འབྲས་ཐོབ་ཡོད་མེད་ཀྱིས་བྱེད་སྒོ་ལ་ཞིབ་དཔྱད་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

བྱང་ཆུབ་ཀྱིས་ནན་གསུང་གནང་དོན། རིམ་པ་ཁག་དང་སྡེ་ཁག་སོ་སོས་གནད་དོན་དག་ཐེར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལམ་ལུགས་འཛུགས་སྐྱོང་ལེགས་སུ་གཏོང་བ།  ལས་དོན་བྱེད་ཐབས་སྤྱོད་གོ་ཆོད་པོ། བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ། ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་གྲོས་བསྡུར་ཆེན་པོའི་བྱེད་སྒོ་ཏན་ཏིག་སྤེལ་དགོས།

བྱམས་བློས་ཅི་འདྲ་བྱས་ནས་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ། ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་གྲོས་བསྡུར་ཆེན་པོའི་བྱེད་སྒོ་སྔར་ལས་ལྷག་པར་ཡག་མོ་འཛིན་རྒྱུའི་སྐོར་ལ་གཏམ་བཤད་གནང་བ་རེད།།

 

  • ལེ་ཚན་སྔོན་མ།:ཉག་རོང་རྫོང་སྒང་རི་གྲོང་སྡེས་རྨང་གཞི་སྒྲིག་ཆས་དང་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་པའི་ཡོང་འབབ་འཕར་ཐབས་བྱས།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།