སྔར་ལྷག་གིས་རུལ་རྒོལ་གཙང་སྤེལ་ལས་ཀ་ཡག་མོ་འཛིན་པའི་ཡིད་ཆེས་དང་ཆོད་སེམས་སྲ་བརྟན་དུ་བཏང་ནས་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུབ་ཐུབ་པར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་སྒྲིག་ཁྲིམས་ཀ

ལྷ་འཛོམས་ཀྱིས་བསྒྱུར།        2017-04-01

      ཟླ་བ3པའི་ཚེས27ཉིན། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་དར་མདོར་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཞུགས་ཤིང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་གྲོས་ཚོགས་ནང་ཞུགས་ཡོད།

      ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་སྐབས་བཅུ་པའི་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་བྱས་ཏེ་ཁོང་དུ་ཆུད་ཐུབ་པར་བྱ་དགོས། བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་སྒྲིག་སྲོལ་དང་སྒྲིག་ཁྲིམས་སྲུང་ཐུབ་པར་བྱ་དགོས། སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ལམ་ནན་སྲུང་བྱ་རྒྱུར་ཤུགས་རྒྱུན་མཐུད་བརྒྱབ་སྟེ་ཤུགས་ཆེན་པོས་སྲིད་ཞུགས་ཁོར་ཡུག་ཡག་མོ་ཞིག་བསྐྲུན་དགོས། སྲ་བརྟན་འགྱུར་མེད་ཀྱིས་རུལ་སུངས་པར་ཁྲིམས་ཀྱིས་ཆད་གཅོད་བྱས་ནས་ཆབ་སྲིད་ཀྱི་སྣང་ཚུལ་ཡག་མོ་སྲ་བརྟན་དུ་གཏང་དགོས། འགན་འཁྲི་གཉིས་དམ་འཛིན་ནན་འཛིན་བྱས་ནས་ཁྱོན་ཡོངས་ནས་ཏང་སྐྱོང་ནན་པོ་བྱེད་པར་སྐུལ་འདེད་ནན་ཏིག་གཏང་དགོས།

      ཚོགས་ཐོག་ཞའོ་ཡིའུ་ཚའེ་ཡིས་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་བརྒྱུད་བསྒྲགས་བྱས་ཤིང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཐེན་ཞའོ་ཀྲེན་གྱིས་ཁུལ་སྒྲིག་བཤེར་ཨུ་ལྷན་གྱི་ཚབ་ཞུས་བྱས་ནས་ལས་ཀའི་སྙན་སེང་ཞུ་བ་དང་། ཚོགས་འདུར་ཞུགས་མཁན་བློ་མཐུན་ཚོས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ཁུལ་སྒྲིག་བཤེར་ཨུ་ལྷན་གྱི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྙིང་དོན་བཅས ་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་ཚོ་ཆུང་བགོས་ཏེ་སློབ་སྦྱོང་དང་གྲོས་བསྡུར་བྱས་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཁྱོན་ཡོངས་ནས་དབུལ་ཐར་འགག་སྒྲོལ་དཔྱིད་ཚིགས་གྲ་སྒྲིག་ལས་ཀར་སྒྲུབ།
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་གིས་ལས་གཞི33གཅིག་བསྡུས་ཀྱིས་ལས་གཉེར་བྱེད་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།