རང་ཁུལ་གྱིས་ཁྱོན་ཡོངས་ནས་དབུལ་ཐར་འགག་སྒྲོལ་དཔྱིད་ཚིགས་གྲ་སྒྲིག་ལས་ཀར་སྒྲུབ།

ལྷ་འཛོམས་ཀྱིས་བསྒྱུར།        2017-04-01

      ཟླ་བ3པའི་ཚེས23ཉིན་གསར་འགོད་པས་རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་ནས་རང་ཁུལ་གྱི་ན་ལོར་དབུལ་ཐར་འགག་སྒྲོལ་ལས་ཀ་ཐོག་མར་གཉེར་ཤིང་ཐོག་མར་གྲུབ་འབྲས་ཐོབ་པའི་རྨང་གཞིའི་ཐོག་ད་ལོར་སྔ་མགྱོགས་སྒྲུབ་གསུམ་ལ་དམིགས་ནས་དུས་ཚིགས་དང་པོར་འགོ་འཛུགས་པ་དང་དུས་ཚིགས་གཉིས་པར་སྒྲུབ་ཚད་ཇེ་མགྱོགས་སུ་གཏང་བ། དུས་ཚིགས་གསུམ་པར་སྒྲུབ་ཤུགས་ཆེ་རུ་གཏང་བ། དུས་ཚིགས་བཞི་པར་མཇུག་བསྡུ་བ་བཅས་ཀྱི་ལས་ཀའི་བསམ་ཕྱོགས་བརྟེན་ནས་ས་བབ་དང་བསྟུན་ཏེ་ཐབས་ཇུས་བླངས་ཤིང་། ཁྱོན་ཡོངས་ནས་ཁུལ་ཡོངས་ཀྱི་དཔྱིད་དུས་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀ་སྤེལ་རྒྱུ་རེད།

    ཚད་གཞིར་བསྡུར་ནས་རྩ་བཅོས་གནད་སྨིན་བྱས་ཏེ་དཔྱིད་དུས་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀ་སྤེལ་འགོ་ཚུགས་ཤིང་སྐུལ་འདེད་གཏང་དགོས། ཚད་གཞི་དང་བསྡུར་ནས་དག་བཅོས་བྱེད་པའི་གནད་དོན་ཐོག  2016ལོའི་སྔོན་དུ་ཕྱིར་འཐེན་པའི་དབུལ་ཕོངས་གྲོང་སྡེ་དང་དབུལ་ཕོངས་དུད་ཚང་ལ་ཡོངས་སུ་ཁྱབ་པར་བྱས་ནས་རྩིས་ཐོ་བཟོ་པ་དང་འགན་འཁྲི་གཏན་འཁེལ། དམིགས་ཡུལ་ཡོད་པ། ལྟ་སྐུལ་ཁྲིད་སྟོན་བཅས་ལ་ཤུགས་བསྣན་ནས་སྔར་ལྷག་གིས་རྨང་གཞིའི་ལེགས་ཆ་སྲ་བརྟན་གཏོང་བ་དང་། ཞན་ཆར་ཁ་གསབ་བྱེད་པ། འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་ཇེ་ཆེར་གཏང་རྒྱུ་རེད།

    ཚད་གཞིར་བསྡུར་ནས་ཇུས་འདོན་གནད་སྨིན་བྱས་ཏེ་དཔྱིད་དུས་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀ་སྤེལ་འགོ་ཚུགས་ཤིང་སྐུལ་འདེད་གཏང་དགོས།  ལས་གཞིའི་གྲ་སྒྲིག་ལས་ཀ་མགྱོགས་སུ་གཏོང་བའི་ཐོག་ལ་དབུལ་སྐྱོར་གྱི་ཆེད་གཏོང་མ་དངུལ་དང་ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་སྒོར་དུང་ཕྱུར45སྡེབ་སྒྲིག་བྱས་ནས་ཐོན་ལས་རོགས་སྐྱོར་སོགས་ཀྱི་ཁག་བཞིའི་དངུལ་རྩ་སྒོར་དུང་ཕྱུར7.1དོན་འཁྱོལ་བྱ་རྒྱུ་དང་། དངུལ་རྩའི་མ་རྩ་སྒོར་དུང་ཕྱུར204གཏང་བ་དང་། དབུལ་ཐར་འགག་སྒྲོལ་གྱི་ལས་གཞི1800ལྷག་ཙམ་གསལ་པོར་གཏན་འཁེལ་བྱ་རྒྱུ།

ཚད་གཞིར་བསྡུར་ནས་ནུས་ཤུགས་གནད་སྨིན་བརྒྱབ་སྟེ་དཔྱིད་དུས་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀ་སྤེལ་འགོ་ཚུགས་ཤིང་སྐུལ་འདེད་གཏང་དགོས། གཅིག་ནི་ཕན་འབྲས་དངོས་ཐོབ་པ་འགག་སྒྲོལ་བྱ་རྒྱུར་དམ་འཛིན་བྱས་ནས་དབུལ་ཕོངས་ཀྱི་ཞྭ་མོ་མགྱོགས་པོར་ཕུད་ཐུབ་པར་བྱ་དགོས། གཉིས་ནི་འབྲོག་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལས་ཀ་བསྒྲུབས་ནས་དབུལ་ཐར་གྱི་གོམ་སྟབས་མགྱོགས་སུ་གཏང་དགོས། གསུམ་ནི་རྨང་གཞིའི་དབུལ་སྐྱོར་དམ་འཛིན་བྱས་ནས་དབུལ་ཐར་གྱི་གོམ་སྟབས་མགྱོགས་སུ་གཏང་དགོས། བཞི་ནི་ཐོན་ལས་གསོ་སྤེལ་ལ་དམ་འཛིན་བྱས་ཏེ་དབུལ་ཐར་འབྱོར་འབྲིང་ལ་སྐྱོད་པའི་གོམ་སྟབས་མགྱོགས་སུ་གཏང་དགོས། ལྔ་ནི་ལས་ཞུགས་ལ་དམ་འཛིན་བྱས་ནས་ལས་ཞུགས་ཡོང་འཕར་ཀྱི་གོམ་སྟབས་མགྱོགས་སུ་གཏང་དགོས། དྲུག་ནི་སྔར་ལྷག་གིས་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་ནས་ལས་བརྩོན་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་གཏང་དགོས་སོ།།


  • ལེ་ཚན་སྔོན་མ།:ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན།
  • ལེ་ཚན་རྗེས་མ།:སྔར་ལྷག་གིས་རུལ་རྒོལ་གཙང་སྤེལ་ལས་ཀ་ཡག་མོ་འཛིན་པའི་ཡིད་ཆེས་དང་ཆོད་སེམས་སྲ་བརྟན་དུ་བཏང་ནས་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུབ་ཐུབ་པར་སྲ་ཞིང་བརྟན་
  • དོ་སྣང་ཆེ་བའི་རྩོམ།