སྔོན་ཐོན་ལ་ལྟ་བསྡུར་བྱས་ནས་ཧེ་བག་འཚོལ་ཞིང་། དམིགས་འབེན་གསལ་པོར་བྱས་ནས་བྱ་ཐབས་བསྣན་ཏེ་རྟའུ་རྫོང་གི་ལས་ཀ་ཁག་ལ་གྲུབ་འབྲས་འཐོབ་པར་ཁག་ཐེག་བྱ་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2017-03-27

      ཉེ་ཆར་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་རྟའུ་རྫོང་གིས་སྦར་ཞབས་ཤང་རི་བ་གྲོང་སྡེར་ཞིང་འབྲོག་ལས་ཀྱི་ཐོན་ལས་འཕེལ་རྒྱས་འཆར་འགོད་ལ་ཆ་རྒྱུས་ཞིབ་མོར་བླངས་རྗེས་རྟའུ་རྫོང་གི་ཏང་ཨུའི་རྒྱུན་ཨུ་ཚོགས་པའི་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ། ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་གྲོས་བསྡུར་ཆེན་མོའི་བྱེད་སྒོའི་ནང་ཞུགས་པས་མ་ཚད། ད་དུང་རྒྱུན་ཨུ་ཚོགས་པའི་གྲུབ་མིའི་གྲོས་བསྡུར་ཐོག་གི་གཏམ་བཤད་སྤེལ་རེས་ལ་གསན་འཇོག་གནང་རྗེས་གསུང་བཤད་གལ་ཆེན་གནང་བ་རེད།

      ཁོང་གིས་ནན་གསུང་གནང་དོན། རྟའུ་རྫོང་གིས་སྔར་ལྷག་གིས་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ། ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་གྲོས་བསྡུར་ཆེན་མོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་བསམ་བློ་བཅིངས་འགྲོལ་གཏོང་བའི་ཁྲོད་དུ་བསམ་བློ་གཅིག་གྱུར་ཡོང་བ་དང་སྤྱོད་ཚུལ་བསྒྱུར་བའི་ཁྲོད་དུ་ནུས་ཤུགས་གཅིག་ཏུ་བསྒྲིམ་རྒྱུ། ལས་ཀ་དོན་འཁྱོལ་བྱེད་པའི་ཁྲོད་དུ་རྣམ་པ་བཟང་པོ་སྟོན་པ་བཅས་བྱས་ཏེ་སེམས་ཤུགས་གཅིག་ཏུ་བསྒྲིམས་ནས་ལས་ཀ་ཡག་མོ་བསྒྲུབ་རྒྱུའི་འདུ་ཤེས་གསར་པ་དང་དངོས་དོན་གཉེར་བའི་སྤྱོད་ཚུལ། དཔའ་ངར་ཆེར་སྐྱེད་ཀྱིས་བསམ་པའི་ཉམས་འགྱུར་བཅས་ཀྱི་ཐོག་ནས་རྟའུ་རྫོང་མཆོང་བརྒལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་འགན་སྲུང་བྱ་དགོས།

      ལིའུ་ཁྲེང་མིང་གིས་རྟའུ་རྫོང་གི་གོང་འོག་ཚང་མར་ངེས་པར་དུ་འདུ་ཤེས་བསྒྱུར་བ་དང་སེམས་ཤུགས་གཅིག་ཏུ་བསྒྲིམས་ནས་བརྟན་ལྷིང་འགན་སྲུང་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག2020ལོར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:ཞིང་ཆེན་ཚན་རྩལ་ཁང་གིས་རང་ཁུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས།
  • ལེ་ཚན་རྗེས་མ།:རྫོང་སར་བོད་སྨན་ཁང་གིས་ཞིང་ཆེན་བོད་སྨན་སྨན་སྦྱོར་ལྟེ་གནས་འཛུགས་རྒྱུའི་རེ་ཞུ་བྱས།
  • དོ་སྣང་ཆེ་བའི་རྩོམ།