ཞིང་ཆེན་ཚན་རྩལ་ཁང་གིས་རང་ཁུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2017-03-27

ཉེ་ཆར་ཞིང་ཆེན་ཚན་རྩལ་ཁང་གིས་རང་ཁུལ་གྱི་ལྕགས་ཟམ་རྫོང་ལ་གཞི་རིམ་དུ་སྐྱོད་པ་དང་ཞབས་འདེགས་ཞུ་ཤུགས་དྲག་ཏུ་གཏོང་ཞེས་པས་བརྗོད་དོན་གཙོ་བོར་བྱས་པའི་བརྟག་དཔྱད་ཞིབ་འཇུག་བྱས་པ་རེད། བརྟག་ཞིབ་ཚོ་ཆུང་དེས་སྔ་ཕྱིར་ལྕགས་ཟམ་རྫོང་སློབ་འབྲིང་ཨང་དང་པོ་དང་ལྕགས་ཟམ་རྫོང་སྡེ་དབུས་ཤང་ཁུའེ་ཝུའུ་གྲོང་སྡེའི་བོད་ཕག་གསོ་ཚགས་ཆེད་ལས་ལག་རྩལ་མཐུན་ཚོགས། སྡེ་དབུས་ཤང་ཆུ་འཁོར་གྲོང་གསར་གྱི་ཁུ་བྱུག་ཤྭ་མོ་འདེབས་འཛུགས་རྟེན་གཞིར་བརྟག་དཔྱད་ཞིབ་འཇུག་བྱས་པས་མ་ཚད། ད་དུང་ཁུལ་དང་རྫོང་གི་ཚན་རྩལ་མཐུན་ཚོགས་དང་སློབ་གསོ། ཞིང་འབྲོག་ཚན་རྩལ་སྡེ་ཁག་གི་འགན་ཁུར་མི་སྣས་ངོ་སྤྲད་བྱས་པར་ཉན་འཇོག་བྱས་པ་རེད། རང་ཁུལ་གྱི་གཞོན་ནུ་དང་ལོ་ཆུང་ཚན་རྩལ་སློབ་གསོ་དང་ཞིང་འབྲོག་དམངས་ཀྱི་འདེབས་གསོ་ཚགས་དང་ཞིང་སྡེའི་ཆེད་ལས་ལག་རྩལ་མཐུན་ཚོགས་ཀྱི་འཕེལ་རྒྱས་གནས་ཚུལ་སོགས་འབྲེལ་ཡོད་གནས་ཚུལ་ལ་ཆ་རྒྱུས་ཟབ་མོ་ལོན་ཞིང་། ཐུན་མོང་དུ་རང་ཁུལ་གྱི་ཚན་རྩལ་ཁྱབ་གདལ་དང་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྲོད་ཐུག་པའི་དཀའ་ངལ་དང་གནད་དོན་ཐག་གཅོད། ཐབས་ཤེས་དཔྱད་བསྡུར་བྱས་ནས་ཕན་འབྲས་དངོས་ཐོབ་པ་དང་ཞབས་འདེགས་ལ་ཤུགས་རྒྱག་པ། ཕུགས་ཡུན་རིང་པོར་བལྟ་དགོས་པ་སོགས་ཀྱི་གྲོས་གཞི་བཏོན་པ་རེད།།

  • ལེ་ཚན་སྔོན་མ།:སྡེབ་བྲིས་ཀྱི་ཕ་ས་དཀར་མཛེས་ཁུལ་གྱི་བྲིས་གཟུགས་ཕྱོགས་བསྒྲིགས།
  • ལེ་ཚན་རྗེས་མ།:སྔོན་ཐོན་ལ་ལྟ་བསྡུར་བྱས་ནས་ཧེ་བག་འཚོལ་ཞིང་། དམིགས་འབེན་གསལ་པོར་བྱས་ནས་བྱ་ཐབས་བསྣན་ཏེ་རྟའུ་རྫོང་གི་ལས་ཀ་ཁག་ལ་གྲུབ་འབྲས་འཐོབ་པར་ཁག་ཐེག་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།