ཞའོ་ཡིའུ་ཚའེ་དང་བྱང་ཆུབ་ཀྱིས་སྲིད་གྲོས་ཨུ་ཡོན་ལ་འཚམས་འདྲི་ཞུས།

ཡེ་མགོན་གྱིས་བྲིས།        2020-01-13

ཞའོ་ཡིའུ་ཚའེ་དང་བྱང་ཆུབ་ཀྱིས་སྲིད་གྲོས་ཨུ་ཡོན་ལ་འཚམས་འདྲི་ཞུས།

   སྤྱི་ཟླ་དང་པོའི་ཚེས12ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་བཀའ་མངགས་ལྟར། ཁུལ་ཨུ་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་རྣམ་གཉིས་སྲིད་གྲོས་ཨུ་ཡོན་སྡོད་གནས་སུ་ཕེབས་ནས་སྲིད་གྲོས་ཨུ་ཡོན་ཚོར་འཚམས་འདྲི་ཞུས་པ་རེད།

    ཞའོ་ཡིའུ་ཚའེ་ཡིས་གསུངས་དོན།  འདས་པའི་ལོ་གཅིག་གི་ནང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགྱུར་མེད་སྟོབས་ལྡན་གྱིས་འགོ་ཁྲིད་གནང་འོག    ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་ཚད་དང་སྤུས་ཀ་མཉམ་གནས་ཀྱིས་འཕེལ་རྒྱས་བྱུང་ཞིང་། ཁྱོན་ཡོངས་ནས་འབྱོར་འབྲིང་དང་ཡུན་རིང་བདེ་འགོད་དཔུང་གཤིབ་མཉམ་སྐྱོད་ཀྱི་གནས་བབ་ཡག་པོ་ཆགས་ཡོད། ཁུལ་ཡོངས་དབུལ་ཐར་འགག་སྒྲོལ་དང་ཁྲིམས་ལྟར་ཁུལ་སྐྱོང་། ཐོན་ལས་དམངས་ཕྱུག  འགྲིམ་འགྲུལ་སྔོན་སྤེལ། གྲོང་སྡེ་དར་རྒྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སོགས་ཀྱི་བྱ་གཞག་སོ་སོའི་ཐད་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་རེད། ཁྱད་པར་དུ་ན་ནིང་རང་ཁུལ་གྱིས་རྒྱལ་སྤྱི་དང་རྒྱལ་ཁབ་ནང་ཁུལ་གྱི་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་སྔར་བས་ཆེ་བའི་གནས་བབ་ལ་ཁ་གཏད་འཇལ་ནས་དཔལ་འབྱོར་དམིགས་ཚད་གཙོ་བོ5ཞིང་ཆེན་ཡོངས་ཀྱི་ཨང་དང་པོའི་ཐོག་བསླེབས་པ་རེད། གྲུབ་འབྲས་འདི་དག་ཐོབ་པ་ནི་ལས་སླ་མོ་ཞིག་ཡིན་གྱི་མ་རེད། འདི་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་མཇུག་འབྲས་ཡིན་ལ།  ཁུལ་ཨུས་ལས་བྱེད་པ་དང་མང་ཚོགས་སྣེ་ཁྲིད་བྱས་ཏེ་ཤུགས་སྐྱེད་སྟོབས་སྤེལ། འབད་འཐབ་ཧུར་ཐག    དངོས་སྒྲུབ་དངོས་གཉེར་བྱས་པའི་མཇུག་འབྲས་ཡིན་ལ། ཨུ་ཡོན་སོ་སོས་སྲིད་ཞུགས་སྲིད་གླེང་དང་འགན་འཁྲི་ནན་ཏན་བསྒྲུབས་ཏེ་འཐབ་ཕྱོགས་སོ་སོའི་ཐོག་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་པའི་མཇུག་འབྲས་ཀྱང་ཡིན་པ་རེད། ལོ་གསར་པའི་ནང་ཁུལ་ཡོངས་ཀྱི་ལས་དོན་སོ་སོའི་ལས་འགན་དེ་བས་དཀའ་ཚེགས་ཆེན་པོ་ཡིན་པས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་སྔོན་མ་ནང་བཞིན་འགན་འཁྲི་གཙང་སྒྲུབ་དང་ཐབས་འདོན་ཇུས་འདོན་བྱས་ནས་ཁུལ་སྲིད་གཞུང་གི་ལས་དོན་ལ་གྲོས་འགོ་རང་བཞིན་ཀྱི་བསམ་འཆར་དེ་བས་མང་པོ་བཏོན་ཏེ་ཁུལ་སྲིད་གཞུང་གི་ལས་དོན་སྐས་རིམ་གསར་པའི་ཐོག་བསླེབ་པར་སྐུལ་གཏང་རྒྱུའི་རེ་བ་ཡོད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཀྲེང་ཧྭ། ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཡའོ་པིང་སོགས་འཚམས་འདྲི་ཞུ་སའི་ནང་ཞུགས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 
  • ལེ་ཚན་རྗེས་མ།:ལོ་སར་ལ་ཁུལ་སྲིད་གྲོས་ཀྱིས་དམངས་འཚོའི་ཐད་འགན་སྒྲུབ་འདི་འདྲ་བྱ།
  • དོ་སྣང་ཆེ་བའི་རྩོམ།