སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

        2020-01-13

 སྤྱི་ཟླ་དང་པོའི་ཚེས13ཉིན་གྱི་སྔ་དྲོར། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་དེ་རྒྱལ་གླུའི་ཁྲོད་དུ་དར་མདོར་འཚོག་འགོ་བཙུགས་པ་རེད།     ཐེངས་འདིའི་གྲོས་ཚོགས་ནང་ཞུགས་དགོས་པའི་ཨུ་ཡོན270 ཡིན་པ་དང་། དངོས་སུ་ཞུགས་པའི་ཨུ་ཡོན 244ཡོད་པས་སྲིད་གྲོས་ཀྱི་སྒྲིག་ཡིག་དང་མཐུན་པ་རེད། ཐེངས་འདིའི་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་བྱང་ཆུབ་དང་། ཁྲེན་ཧུང་པའོ། རྡོ་རྗེ་བཀྲ་ཤིས། ཅང་ཞིའུ་ཡིང་། སུན་ཧྥེ། ཨ་རྒྱས་བུ་ཕྲུག ཀུང་ཅན་ཀྲུང་། ལེ་ཅན་ཕིང་། སྐུ་བཅར་ཡོན་ཏན་རྒྱ་མཚོ། གཡང་མཚོ་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།


སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

ཚོགས་ཆེན་གྱི་ཚོགས་ར།

   ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་མི་དམངས་སྲིད་གཞུང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་། དར་མདོར་ཡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་སོགས་གདན་ཞུ་ལྟར་འགོ་ཚུགས་ཚོགས་ཆེན་དུ་ཞུགས་ཤིང་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།       ཐེངས་འདིའི་ཚོགས་ཆེན་གྱི་གྲོས་རིམ་ལ་ཁག་གསུམ་ཡོད་དེ། སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་བ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་ཀྱིས་སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ལས་དོན་སྙན་སྒྲོན་ཞུས་པར་ཉན་འཇོག་བྱས་ཤིང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུང་ཅན་ཀྲུང་གིས་སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་གྱི་སྙན་སྒྲོན་ཞུས་པར་ཉན་འཇོག་བྱས་པ་རེད། 

   ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སུན་ཧྥེ་ཡིས་གྲོས་ཚོགས་གཙོ་འགན་བཞེས།  

སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་ཀྱིས་སྙན་སྒྲོན་ཞུ་བཞིན་པ།

   སྙན་སྒྲོན་ནང་བསྟན་དོན། 2019ལོར་ང་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲིའི་གཙོ་དོན་མངོན་གསལ་འདི་ཁོང་དུ་ཆུད་པར་བྱས་ཤིང་། སྦྱངས་བརྩོན་འདུ་ཤེས་མཐའ་གཅིག་ཏུ་འཆང་བའི་སློབ་གསོ་ཟབ་སྤེལ་བཏང་བ་དང་། དད་སེམས་ཀྱི་རྨང་གཞི་དེ་བས་སྲ་བརྟན་དང་དོ་དན་དུ་ཕྱིན་ཞིང་། སློབ་སྦྱོང་ཅན་གྱི་སྲིད་གྲོས་ཡིན་པའི་རེ་སྙེག་མངོན་པར་མཚོན་ཡོད། 2019ལོར་ང་ཚོས་ཏང་གིས་འགོ་ཁྲིད་བྱེད་པའི་ཁ་ཕྱོགས་ཡང་དག་པ་འདི་ཁོང་དུ་ཆུད་པར་བྱས་ཤིང་། ཆབ་སྲིད་འདུ་ཤེས་མཐའ་གཅིག་ཏུ་བཅངས་ནས་སྲོག་ཤིང་ལ་སྲུང་སྐྱོང་བྱས་པ་དང་། ཆབ་སྲིད་ཀྱི་གནས་ཚུགས་དེ་བས་བརྟན་བརླིང་དང་མཐོན་པོར་ཕྱིན་ཞིང་། བློ་སེམས་དཀར་བའི་སྲིད་གྲོས་ཀྱི་རང་གཤིས་བསྐྱངས་ཡོད།  2019ལོར་ང་ཚོས་གཙོ་གནད་ལས་དོན་ལ་ཞབས་འདེགས་ཞུ་བའི་ལས་དོན་ཚད་དཔོག་འདི་ཁོང་དུ་ཆུད་པར་བྱས་ཤིང་། སྤྱི་ཡོངས་ཀྱི་འདུ་ཤེས་མཐའ་གཅིག་ཏུ་བཅངས་ནས་འཕེལ་རྒྱས་ལ་རོགས་དན་བརྒྱབ་པ་དང་། གྲོས་མོལ་སྲིད་གླེང་དེ་བས་གནད་ལ་སྨིན་པར་ཕྱིན་ཞིང་། རིག་ལྡན་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། 


སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུན་ཧྥེ་ཡིས་ཚོགས་ཆེན་གྱི་གཙོ་འགན་བཞེས་བཞིན་པ།

  2019ལོར་ང་ཚོས་དམངས་གཙོ་ལྟ་སྐུལ་གྱི་འགན་ནུས་གལ་ཆེན་འདི་ཁོང་དུ་ཆུད་པར་བྱས་ཤིང་། འགན་འཁྲིའི་འདུ་ཤེས་མཐའ་གཅིག་ཏུ་བཅངས་ཏེ་ལྟ་སྐུལ་ལ་བརྟེན་ནས་བྱས་རྗེས་བཞག་པ་དང་། ཨུ་ཡོན་གྱི་སྐད་ཆ་དེ་བས་གསལ་ཞིང་དྭངས་པར་ཕྱིན་ཞིང་། འགན་འཁྲི་སྲིད་གྲོས་ཀྱི་རིན་ཐང་ཡོངས་སུ་མངོན་ཡོད། 2019ལོར། ང་ཚོས་དམངས་ཆེད་འགན་ནུས་སྒྲུབ་པའི་མི་དམངས་གཙོ་བོར་བྱེད་པའི་འདུ་ཤེས་འདི་ཁོང་དུ་ཆུད་པར་བྱས་ཤིང་། དམིགས་ཡུལ་འདུ་ཤེས་མཐའ་གཅིག་ཏུ་བཅངས་ཏེ་དམངས་ཀྱི་བདེ་སྡུག་སེམས་ལ་བཞག་པ་དང་། མང་ཚོགས་དང་འབྲེལ་བ་བྱེད་ཤུགས་དེ་བས་དམ་པོར་ཕྱིན་ཞིང་། དམངས་ཀྱི་དོན་དུ་བྱ་བ་སྒྲུབ་པའི་སྲིད་གྲོས་ཡིན་པའི་བརྩེ་སེམས་རབ་ཏུ་བཅངས་ཡོད། 2019ལོར་ང་ཚོས་མཐུན་སྒྲིལ་མཉམ་འབྲེལ་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་བླང་བྱ་འདི་ཁོང་དུ་ཆུད་པར་བྱས་ཤིང་། མཐུན་སྒྲིལ་གྱི་འདུ་ཤེས་མཐའ་གཅིག་ཏུ་བཅངས་ནས་མཐུན་པ་བསྒྲིལ་ཐབས་དང་མི་མཐུན་པ་མཐུན་ཐབས་བྱས་ཏེ། ཐུན་མོང་གི་ངོས་འཛིན་དེ་བས་མང་ཞིང་ཆེ་བ་འདུས་འགྲིལ་ཕྱིན་ཞིང་། སྟོབས་ཤུགས་འདུས་པའི་སྲིད་གྲོས་ཀྱི་བྱེད་ནུས་མངོན་གསལ་ཐོན་ཡོད། 2019ལོར་ང་ཚོས་འཚོལ་ཞིབ་གསར་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་འདི་ཁོང་དུ་ཆུད་པར་བྱས་ཤིང་། གསར་གཏོད་ཀྱི་འདུ་ཤེས་མཐའ་གཅིག་ཏུ་བཅངས་ཏེ་དུས་བསྟུན་མཉམ་བསྐྱོད་བྱས་ནས་རང་ངོས་འཛུགས་སྐྱོང་དེ་བས་ལེགས་ཤིང་སྟོབས་ཆེར་ཕྱིན་ཞིང་། གསོན་ཤུགས་ལྡན་པའི་སྲིད་གྲོས་ཀྱི་གཟུགས་བརྙན་ཞིག་བསྐྲུན་ཡོད།

སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུང་ཅན་ཀྲུང་གིས་གྲོས་འཆར་ལས་དོན་སྐོར་གྱི་སྙན་སྒྲོན་ཞུ་བཞིན་པ།

     སྙན་སྒྲོན་ནང་བསྟན་དོན། 2020ལོའི་ཁུལ་སྲིད་གྲོས་ལས་དོན་གྱི་སྤྱིའི་བསམ་ཕྱོགས་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་ཤིང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་སྲིད་གྲོས་ལས་དོན་གྲོས་ཚོགས་བཅས་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བྱེད་ཅིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཞིང་ཆེན་ཏང་ཨུའི་སྲིད་གྲོས་ལས་དོན་དང་། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་བྱེད་པ་དང་། “དམིགས་འབེན་གཅིག་ལ་དམིགས་ཤིང་། གནད་འགག་གཉིས་མངོན་གསལ་བྱེད་པ། དོན་ཆེན་གསུམ་ལ་གཅིག་གྱུར་འཆར་འགོད་བྱེད་པ། མི་འདང་ས་བཞི་ཆད་གསབ་བྱེད་པ། རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་བ། འཐབ་ཇུས་ཆེན་པོ་དྲུག་ལག་ལེན་བྱེད་པ” བཅས་ཀྱི་ཁུལ་ཡོངས་ཀྱི་ལས་ཀ་སྤྱིའི་བཀོད་སྒྲིག་ལ་དམ་པོར་དམིགས་ཤིང་། “གསུམ་འཛུགས་མཉམ་འགུལ་”དང་། གྲོང་སྡེ་དར་རྒྱས་རིམ་པ་བཞིན་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་བཀོད་སྒྲིག་གལ་ཆེན་ཟབ་སྤེལ་གཏོང་བ་དང་། དུས་རབས་གསར་པར་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་བསྒྱུར་བཀོད་གཏོང་བའི་སྤྱིའི་བླང་བྱ་ལྟར། མཐུན་སྒྲིལ་དང་དམངས་གཙོའི་གཙོ་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་དང་། གཙོ་གནད་དང་གཙོ་ཕྱོགས་ཁ་གསལ་བཟོ་ཞིང་།  གནད་འགག་ཐུག་ས་གཙོ་བོ་དམ་འཛིན་བྱེད་པ། ཕྱོགས་གཉིས་ཆ་ནས་ཤུགས་འདོན་པ་མངོན་གསལ་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་ལ་དེ་བས་མཐོང་ཆེན་བྱེད་ཅིང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་ཞིང་དམངས་ཀྱི་ཆེད་དུ་འགན་ནུས་བསྒྲུབ་རྒྱུ་དེ་བས་མངོན་གསལ་དོད་པོ་བྱེད་པ། བྱང་ཚད་མཐོར་འདེགས་དང་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་དེ་བས་མཐོང་ཆེན་བྱེད་ཅིང་། ཐབས་ཇུས་སྲིད་གཅོད་གལ་ཆེན་དང་སྤྱི་ཚོགས་གནས་ཚུལ་དང་དམངས་ཀྱི་འདོད་བློ། ཞུ་གཏུག་མི་མཐུན་པར་གྲོས་མོལ་བྱ་རྒྱུ་བཅས་ལ་དམིགས་ནས། འགན་སྒྲུབ་སྤུས་ཚད་མཐོན་པོས་འབྱོར་འབྲིང་དཀར་མཛེས་ཁུལ་འཛུགས་པར་བྱས་རྗེས་གསར་པ་གཞག་རྒྱུ་དེ་རེད།  


སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

ཨུ་ཡོན་ཚོས་སྙན་སྒྲོན་ལ་ཉན་བཞིན་པ།

      སྙན་སྒྲོན་ནང་བསྟན་དོན། སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། སྲོག་ཤིང་ལ་སྲུང་སྐྱོང་བྱེད་ཅིང་ཏང་ལ་བློ་སེམས་དཀར་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་སེམས་གཅིག་སྒྲིལ་དང་ཐུན་མོང་གི་ངོས་འཛིན་ཆེ་རུ་གཏང་དགོས། གྲོས་མོལ་སྲིད་ཕན་གྱི་ལག་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། གཙོ་གནད་ལས་དོན་ལ་ཞབས་འདེགས་དང་འཕེལ་རྒྱས་ལ་རོགས་སྐུལ་བྱ་དགོས། དམངས་ཀྱི་ཆེད་དུ་འགན་ནུས་སྒྲུབ་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ། དམངས་སེམས་དང་བསྟུན་ཞིང་དམངས་ལ་བརྩེ་སེམས་བཅང་དགོས། འགན་ནུས་སྒྲུབ་པའི་ནང་སྲོལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་སྟེ།  སེམས་ཤུགས་བསླང་ཞིང་སྒུལ་ཤུགས་ཆེ་རུ་གཏང་དགོས། འཐབ་ཕྱོགས་གཅིག་གྱུར་ནུས་པ་འདོན་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས། སེམས་པ་གཅིག་མཐུན་བྱས་ནས་མཐུན་སྒྲིལ་འབད་འཐབ་བྱ་དགོས།  དཔུང་སྡེ་གོ་ཆོད་པ་འཛུགས་སྐྱོང་བྱས་ཏེ། ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ་ལེའུ་གསར་པ་བྲི་དགོས།


སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

ཨུ་ཡོན་ཚོས་སྙན་སྒྲོན་ལ་ཉན་བཞིན་པ།

    གྲོས་འཆར་ལས་དོན་སྙན་སྒྲོན་ནང་བསྟན་དོན།ལོ་གཅིག་གི་རིང་ལ།གྲོས་འཆར་བསྡོམས་འབོར202འབྱོར་ཞིང་།དེའི་ནང་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དུས་རིམ་དུ197དང་གྲོས་ཚོགས་མཇུག་བསྒྲིལ་རྗེས2ཡོད་།ཞིབ་དཔྱད་བྱས་པར་བརྒྱུད།གྲོས་འཆར192ཐོ་འགོད་བྱས་ཤིང7ཟླ་བསྒྲིལ་བཏང་བ་དང་། གྲོས་འཆར1བསམ་འཆར་དུ་བརྩིས་ནས་འབྲེལ་ཡོད་སྡེ་ཚན་ལ་དཔྱད་གཞིར་བརྒྱུད་སྤྲད་བྱས་ཤིང2གོང་རིམ་སྡེ་ཚན་ལ་སྤྲད་ཡོད།གྲོས་འཆར་རྣམས་ཁག་བགོས་ནས་སྡེ་ཚན62ཀྱིས་སྒྲུབ་གཉེར་བྱས་ཤིང་ཐམས་ཅད་ལ་ལན་བཏབ་ཡོད།ཨུ་ཡོན་ཚོ་ཡི་རང་ཚད་ལོ་རེ་བཞིན་མཐོར་འདེགས་ཕྱིན་ཡོད། གྲོས་འཆར་ནང་དུ་བཏོན་པའི་གནད་དོན98ཐག་གཅོད་དང་ཡང་ན་ཐག་གཅོད་རགས་ཙམ་བྱས་ཟིན་ཞིང་བརྒྱ་ཆ51.04ལ་ཟིན་ཡོད། 


སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

ཨུ་ཡོན་ཚོས་གྲོས་བསྡུར་བྱེད་བཞིན་པ།

  གནད་དོན61ཐག་གཅོད་བྱེད་སྒང་ཡིན་པའམ་ཐག་གཅོད་ཀྱི་འཆར་གཞིར་ཚུད་ཡོད་ཅིང་བརྒྱ་ཆ31.77ལ་ཟིན་ཡོད། ཆ་རྐྱེན་གྱི་ཚོད་བཀག་ཐེབས་ནས་གནས་སྐབས་དོན་འཁྱོལ་མི་ཐུབ་པའི་གནད་དོན33ཡོད་ཅིང་། བརྒྱ་ཆ17.19ལ་ཟིན་ཡོད། 2020ལོར་གཅིག་ནི་བསྒྲུབ་གཞི་ཞིབ་ཕྲ་བདམས་ནས་གྲོས་འཆར་ཡག་པོ་འདོན་པའི་ཐད་ཤུགས་བརྒྱག་དགོས། གཉིས་ནི་འཁོར་སྐྱོད་ཚད་ལྡན་བྱས་ཏེ། ནང་སྲོལ་ཡག་པོ་ཡིན་པའི་ཐད་ཤུགས་བརྒྱག་དགོས། གསུམ་ནི་དོན་འཁྱོལ་དམ་འཛིན་བྱས་ཏེ། སྒྲུབ་སྟངས་ཡག་པོ་ཡིན་པའི་ཐད་ཤུགས་བརྒྱག་དགོས། བཞི་ནི་མ་བསྐུལ་དང་ལེན་གྱིས་འཇོན་ནུས་བཏོན་ཏེ། ཞབས་འདེགས་ཡག་པོ་ཡིན་པའི་ཐད་ཤུགས་བརྒྱག་དགོས། 


སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

ཨུ་ཡོན་ཚོ་ཚོགས་རར་ཞུགས་བཞིན་པ།

སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

གསར་འགོད་པའི་དཔུང་སྡེ།

སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བཙུགས། 

ཨུ་ཡོན་ཚོ་ཚོགས་ཆེན་ལས་གྲོལ་བ།

  • ལེ་ཚན་སྔོན་མ།:དབུལ་ཐར་བྱུང་བའི་འབྲོག་པས་དགའ་དགའ་སྐྱིད་སྐྱིད་ཀྱིས་ལོ་སར་བསུ།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་དང་བྱང་ཆུབ་ཀྱིས་སྲིད་གྲོས་ཨུ་ཡོན་ལ་འཚམས་འདྲི་ཞུས།
  • དོ་སྣང་ཆེ་བའི་རྩོམ།