རང་ཁུལ་གྱི་ས་གནས་སོ་སོས་དགུན་དཔྱིད་དུས་ཚིགས་ཀྱི་ནགས་ཚལ་མེ་འགོག་ལས་ཀ་ཡག་པོ་སྒྲུབ།

དབྱངས་ཅན་གྱིས་བསྒྱུར།        2016-12-19

      དར་མདོ་གྲོང་ཁྱེར།

      ཟླ་བ11པའི་ཚེས24ཉིན་ལ་ཅང་ཞི་ཧྥེང་ཁྲེང་གློག་འདོན་བཟོ་གྲྭའི་འཁྱགས་སྒྲོམ་ལས་སྟེགས་བརྡིབས་པའི་བྱུར་རྐྱེན་ཚབས་ཆེན་ཐེབས་པའི་ཉམས་མྱོང་བསྡུ་ལེན་ཡག་པོ་བྱེད་ཅིང་། གྲོང་ཁྱེར་ཡོངས་ཀྱི་འཛུགས་སྐྲུན་ཨར་ལས་ཁྱབ་ཁོངས་ཀྱི་ཉེན་མེད་ཐོན་སྐྱེད་སྐོར་གྱི་བྱུར་རྐྱེན་འགོག་སྲུང་ནན་པོར་བྱེད་ཆེད། ཉེ་ཆར། དར་མདོ་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁུལ་དང་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་དང་མཉམ་དུ་གཅིག་བསྡུས་བཀོད་སྒྲིག་བྱེད་ས་དཔའ་ལོག་ལོག་དང་། མི་ཉག་ལྟག་སྒོའི་གཅིག་བསྡུས་བཀོད་སྒྲིག་བྱ་ཡུལ། རྒྱུ་ལའི་ཧྭ་ཝན་བཅས་འཛུགས་སྐྲུན་ཨར་ལས་ལས་གཞི་ལ་མཉམ་འབྲེལ་འཐེན་ཞིབ་བྱས་པ་རེད།

      ཞིབ་བཤེར་ཚོ་ཆུང་གིས་དཔྱད་ཡིག་ལྟ་བ་དང་ཡུལ་དངོས་སུ་ཕྱིན་ནས་ཞིབ་བཤེར་བྱེད་པ། ངོ་སྤྲོད་ལ་ཉན་འཇོག་བྱེད་པ་བཅས་ཀྱི་ཐབས་ཤེས་སྤྱད་ནས་འཛུགས་སྐྲུན་ཨར་ལས་ལས་གཞི་པུའུ་ལ་ཉེན་མེད་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་ལ་དམིགས་ནས་ཞིབ་བཤེར་ཚོ་ཆུང་གིས་ལས་རིགས་ཀྱི་གཙོ་གཉེར་སྡེ་ཁག་དང་འཛུགས་སྐྲུན་ཨར་ལས་སྡེ་ཚན་གྱིས་དུས་བཅད་ལྟར་ཁྱོན་ཡོངས་སུ་དག་ཐེར་ལེགས་བཅོས་བྱེད་པར་མ་ཟད། དག་ཐེར་ལེགས་བཅོས་ཀྱི་སྙན་ཞུ་དུས་ཐོག་ཏུ་ལས་རིགས་གཙོ་གཉེར་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་དང་། ཐེངས་འདིའི་འཛུགས་སྐྲུན་ཨར་ལས་ཀྱི་ཞིབ་བཤེར་ལས་ཀའི་ཁྲོད་རྟོགས་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་འབྲེལ་ནས། ཞིབ་བཤེར་ཚོ་ཆུང་གིས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ལ་གྲོང་ཁྱེར་སྲིད་གཞུང་ཉེན་མེད་ཞིབ་བཤེར་ལས་སྒྲུབ་ཁང་གི་དགུན་དཔྱིད་དུས་ཚིགས་ཀྱི་ཉེན་མེད་ཐོན་སྐྱེད་ལས་ཀའི་སྐོར་གྱི་འབྲེལ་ཡོད་བླང་བྱ་ལྟར། གྲོང་ཁྱེར་ཡོངས་ཀྱི་འཛུགས་སྐྲུན་ཨར་ལས་བྱ་ཡུལ་ལ་ཁྱོན་ཡོངས་སུ་ཉེན་མེད་ཞིབ་བཤེར་བྱས་ནས། འཛུགས་སྐྲུན་ཨར་ལས་ཀྱི་བྱུར་རྐྱེན་དང་མངོན་མེད་རྐྱེན་ངན་ལ་དག་བཅོས་ཏན་ཏིག་བྱ་དགོས་པའི་བླང་བྱ་བཏོན་པ་རེད།།

      འབའ་ཐང་རྫོང་།

      ཉེ་ཆར། འབའ་ཐང་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་ནས་དགུན་དཔྱིད་དུས་ཚིགས་ཀྱི་ཉེན་མེད་ཐོན་སྐྱེད་ལས་ཀ་ཏན་ཏིག་བསྒྲུབས་པ་རེད།

རྫོས་དེས་རྡུང་རྡེག་ནན་པོ་གཏང་རྒྱུར་དམིགས་ཏེ་ཁྲིམས་འགལ་དང་སྒྲིག་འགལ་གྱི་ཐོན་སྐྱེད་ཚོང་གཉེར་བྱེད་པར་རྡུང་རྡེག་ཤུགས་ཆེན་གཏོང་ཞིང་། བཅའ་ཁྲིམས་ལྟར་ཁྲིམས་འགལ་སྒྲིག་འགལ་གྱི་ཐོན་སྐྱེད་ཚོང་གཉེར་བྱེད་མཁན་སྡེ་ཚན་མེད་པར་བཟོས་ནས། ཁྲིམས་འགལ་སྒྲིག་འགལ་གྱི་ཐོན་སྐྱེད་ཚོང་གཉེར་བྱེད་མཁན་ཁེ་ལས་དང་མི་སྒེར་ལ་ཆད་གཅོད་ནན་པོ་བྱས་པ་རེད།

གཙོ་གནད་ས་ཁུལ་དང་། ལས་རིགས། ཁྱབ་ཁོངས། གནས་ཡུལ་བཅས་ལ་མུ་མཐུད་དུ་ཉེན་མེད་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་གཙང་སེལ་དང་བདག་སྐྱོང་བྱ་རྒྱུ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས།  བྱུར་རྐྱེན་དང་མངོན་མེད་རྐྱེན་ངན་མེད་པར་བཟོ་བ་དང་བྱུར་རྐྱེན་གྱི་གནས་ཚུལ་མི་བུད་པར་བཟོ་བ། འཆར་འགོད་དང་འགན་འཁྲི། བྱེད་ཐབས། དུས་བཅད། མ་དངུལ་བཅས་ལྔ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བཅས་བྱེད་པ་དང་ཆབས་ཅིག ཉེན་མེད་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་ནས། མི་རྩ་བར་འཛིན་པ་དང་། བདེ་འཇགས་ལ་དོ་ཁུར། ཚེ་སྲོག་ལ་གཅེས་སྐྱོང་བཅས་བྱེད་པའི་ཉེན་མེད་རིག་གནས་འཛུགས་སྐྱོང་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ཀྱི་འདུ་ཤེས་དང་ལས་བཟོའི་ཉེན་མེད་ཐོན་སྐྱེད་ཀྱི་ནུས་རྩལ་ཇེ་དྲག་ཏུ་བཏང་བ་དང་། བྱེད་ཐབས་གསར་གཏོད་དང་ཁེབས་རྒྱ་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་སུ་ཉེན་མེད་ཐོན་སྐྱེད་ལ་དོ་ཁུར་བྱེད་པའི་རྣམ་པ་བཟང་པོར་གྲུབ་གང་ཐུབ་བྱས་པ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེའི་ལྟ་སྐུལ་སྡེ་ཁག་སོ་སོས་དུས་ཆེན་དང་གུང་གསེང་སྐབས་དང་། གལ་ཆེ་བའི་དུས་བབ་དང་བསྟུན་ནས་མཐུན་སྒྲིལ་མཉམ་ལས་དང་། འབྲེལ་འདྲིས་གྲོས་ཚོགས་འཚོགས་པ་དང་མཉམ་འབྲེལ་ཁྲིམས་འཛིན་བྱེད་པ་སོགས་ཀྱི་ཐབས་ཤེས་སྣ་མང་སྤྱད་ནས་། དུས་ཆེན་དང་གུང་གསེང་སྐབས་ཀྱི་ཉེན་མེད་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་མེད་པ་བཟོས་ནས་བྱུར་རྐྱེན་མ་འོང་སྔོན་འགོག་བྱས་པ་རེད།།


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གི་འབྲོག་པ་ཚོ་དྲོད་སྐྱིད་ལྡན་པའི་ཁང་གསར་དུ་སྤོས།
  • ལེ་ཚན་རྗེས་མ།:ཨ་ཙི་ལ་རྒྱལ་རེ་ལ་དཔེ་བཟང་ཁྱིམ་ཚང་གི་མཚན་སྙན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།