རང་ཁུལ་གྱི་དམངས་གཉེར་ཁེ་ལས་གཉིས་ལ་ཞིང་ཆེན་གྱི་ཕུལ་བྱུང་དམངས་གཉེར་ཁེ་ལས་ཀྱི་མཚན་སྙན་ཐོབ།

        2016-12-06

    ཟླ་བ11པའི་ཚེས30ཉིན། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཁྲེང་ཏུའུ་ཅིན་ལིའུ་མགྲོན་ཁང་དུ་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བའི་ཚོགས་ཆེན་འཚོགས་པ་དང་། འཚོགས་ཆེན་ཐོག་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གི་དམངས་གཉེར་ཁེ་ལས་དང་། སྔོན་ཐོན་རྫོངགྲོང་ཁྱེརསྡེ་ཚན་ལ་གཟེངས་བསྟོད་བྱས་པ་རེད། རང་ཁུལ་གྱི་དར་མདོ་མི་རིགས་ཉོ་ཚོང་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དང་། སི་ཁྲོན་གངས་དཀར་ཚ་ཆུའི་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་ལ་ཞིང་ཆེན་གྱི་ཕུལ་བྱུང་དམངས་གཉེར་ཁེ་ལས་ཀྱི་མཚན་སྙན་ཐོབ། འདབ་པ་རྫོང་ཨུ་དང་རྫོང་སྲིད་གཞུང་ལ་སྔོན་ཐོན་རྫོངགྲོང་ཁྱེརགི་གཟེངས་བསྟོད་ཐོབ་པ་རེད།།


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གི་གྲོགས་མེད་ཁེར་རྐྱང་གི་རྒན་རྒོན་ཚོའི་ཚེ་མཇུག་འཚོ་བ་སྐྱིད་པོ་འདུག
  • ལེ་ཚན་རྗེས་མ།:སྡེ་རོང་གི་སྦྲང་རྩི་ཁུན་མིང་ཀྲུང་གོའི་རྒྱལ་སྤྱི་ཞིང་ལས་ཉོ་ཚོང་འདུ་ཚོགས་སུ་བཤམས་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།