གསེར་ཐར་རྫོང་གི་གྲོགས་མེད་ཁེར་རྐྱང་གི་རྒན་རྒོན་ཚོའི་ཚེ་མཇུག་འཚོ་བ་སྐྱིད་པོ་འདུག

དབྱངས་ཅན་གྱིས་བསྒྱུར།        2016-12-06

    ཟླ་བ11པའི་ཚེས16ཉིན་གསར་འགོད་པ་གསེར་ཐར་རྫོང་གི་ལྟེ་བའི་རྒན་གསོ་ཁང་དུ་སླེབས་སྐབས། གྲོགས་མེད་ཁེར་རྐྱང་གི་རྒན་རྒོན་འགས་ཉི་མ་ལྡེ་ནས་ཁ་བརྡ་ལབ་བཞིན་པར་མཐོང་། རྒན་གསོ་ཁང་གི་ལྟོ་གོས་དང་སྡོད་གནས་སྐོར་གྱི་གནས་ཚུལ་གླེང་སྐབས་རྒན་རྒོན་ཚོའི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་ནས་རྒན་གསོ་ཁང་ནི་ང་ཚོའི་ཁྱིམ་གཞིས་དྲོན་མོ་རེད། ཏང་དང་སྲིད་གཞུང་། རྒན་གསོ་ཁང་གི་ལས་སྒྲུབ་མི་སྣ་དག་ནི་ང་ཚོའི་ཉེ་འབྲེལ་རེད་ཅེས་བཤད།

    མཆོག་གཙང་ཤང་རྒྱུ་ཚེར་གྲོང་སྡེའི་ཡུལ་མི་སྒྲོལ་བློ་ལ་བུ་རྒྱུད་མེད་པར་མ་ཟད་ཁྱོ་གའང་ཤི་པས2009ལོར་མོ་རང་རྒན་གསོ་ཁང་དུ་བསྡད་པ་རེད། མོས་ང་རང་ལོ་ན་ཆུང་དུས་ཐོན་སྐྱེད་རུ་ཁག་གི་རུ་དཔོན་གྱི་འགན་བཞེས་མྱོང་། 2011ལོར་ད་དུང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒན་གྲས་གསུམ་གྱི་ཕུལ་བྱུང་ལས་བྱེད་པའི་མཚན་སྙན་ཐོབ་མྱོང་། ད་ལོར་ང་རང་ལོ་ན73ཡིན་ལ་ཉིན་རེའི་ཟ་མ་ལས་མཁན་ལས་སྒྲུབ་མི་སྣ་ཡོད། དམངས་སྲིད་ཅུས་ཀྱིས་ལོ་རེ་བཞིན་ང་རང་ལ་ཉལ་ཆས་དང་དགུན་དཔྱིད་གཉིས་ཀྱི་གྱོན་གོས་སྦྱིན་ཐེངས་གཉིས་རེ་བྱེད་བཞིན་ཡོད། ད་དུང་ནད་ཕོག་ནའང་ལྟ་སྐྱོང་བྱེད་མཁན་ཡོད། གུང་ཁྲན་ཏང་གི་བཀའ་དྲིན་ནི་རྒྱ་མཚོ་ལས་ཀྱང་ཟབ་པ་རེད་ཅེས་བཤད་ཞོར་དུ་སྒྲོལ་བློས་གསར་འགོད་པ་ཁྱིམ་དུ་བསུས་ནས་ང་ཚོར་ལྟ་སྐྱོང་བྱེད་མཁན་རུང་ཅིན་ཧྭ་ནི་ངོ་མ་བུ་མོ་བཟང་པོ་ཞིག་འདུག མོ་རང་གཅིག་པུས་ང་ཚོ་མི་རྒན25ལ་ལྟ་སྐྱོང་བྱ་དགོས་པར་མ་ཟད། ད་དུང་འཚོ་བའི་ནུས་པ་ཤོར་བའི་མི་རྒན་ལ་ཟ་མ་སྦྱིན་རོགས་དང་གོས་བསྐོན་རོགས་སོགས་བྱ་དགོས་པ་རེད་ཅེས་བཤད།     མགོ་ལ་ཐང་ཤང་གི་ལོ་ན78ལོན་པའི་མི་རྒན་དགེ་རིག་གི་ལག་པ་གཉིས་ཀར་སྐྱོན་ཕོག་པར་མ་ཟད་གློ་སྐྲན་ནད་ཕོག་ནས་རང་འགོ་ཐོན་ཐབས་བྲལ་བས། རུང་ཅིན་ཧྭ་ཡིས་སྨན་ཁང་དུ་ཟླ་བ་གཅིག་རིང་ལ་ནད་གཡོག་བྱས་ཏེ་རྒན་གསོ་ཁང་དུ་ཕྱིར་ལོག་པ་དང་། རུང་ཅིན་ཧྭ་ཡིས་དཀའ་ལས་དང་གཙང་བཙོག་ལ་མི་འཛེམས་ནས་དགེ་རིག་མ་ཤི་བར་དུ་ནད་གཡོག་བྱས་པ་རེད། རྒན་གསོ་ཁང་གི་འགོ་འཛིན་པས་མི་རྒན་ཚོས་རུང་ཅིན་ཧྭ་དང་བྲལ་ཐབས་མེད་པ་རེད། རུང་ཅིན་ཧྭ་ལ་ཁུལ་ཡོངས་ཀྱི་ཕུལ་བྱུང་གི་ནད་གཡོག་པའི་མཚན་སྙན་ཐོབ་མྱོང་བ་རེད་ཅེས་བཤད།

    ང་ཚོའི་རྫོང་གིས་ཉི་སྟོད་ཤང་དང་། བརྡར་ཚང་ཤང་། གསེར་ཁོག་གྲོང་རྡལ་བཅས་དང་རྫོང་གྲོང་ཁུལ་གྱི་ལྟེ་བའི་རྒན་གསོ་ཁང་བཅས་རྒན་གསོ་ཁང4ལ་སྡོད་མཁན་མི་གྲངས150ཡོད། ལོ་རེར་རྫོང་གིས་མ་དངུལ་སྒོར་ཁྲི60བཏང་ནས་རྒན་གསོ་ཁང་ཉམས་གསོ་བྱེད་ཡས་དང་མི་རྒན་ཚོའི་འཚོ་བའི་འགྲོ་སོང་གཏོང་ཡས་བྱས། ཞིབ་རྩིས་བྱས་པར་བརྒྱུད་མི་རྒན་རེར་ཟླ་བ་རེར་འཚོ་བའི་གྲོན་དངུལ་སྒོར600རེ་ཡོད། གསེར་ཐར་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གིས་གསར་འགོད་པ་ལ་དམངས་སྲིད་སྡེ་ཁག་གིས་གྲོགས་མེད་ཁེར་རྐྱང་གི་མི་རྒན་ཚོའི་ལྟོ་གོས་དང་སྨན་བཅོས། ཤི་ཆོས་སོགས་ཀྱི་འགན་ཁུར་བཞིན་ཡོད་པ་དང་བཅའ་སྲུང་སྦྱོང་བརྡར་བྱེད་མཁན་དཔུང་སྡེ་དང་སྡེ་ཚན་ཁག་གིས་ནམ་རྒྱུན་རྒན་གསོ་ཁང་དུ་གཙང་སྦྲ་བྱེད་རོགས་བྱེད་ཅིང་ཁ་བརྡ་ལབ་རོགས། འབྲས་དང་། བཟའ་སྣུམ། འོ་མ་སོགས་བསྐྱལ་རྒྱུ། ཁྲག་ཤེད་དམའ་བྱེད་ཀྱི་སྨན་རྫས་དང་གྲུམ་བུའི་ནད་བཅོས་ཡས་ཀྱི་རྒྱུན་མཁོའི་སྨན་རྫས་སོགས་སྐྱེལ་སར་འགྲོ་བཞིན་པ་རེད་ཅེས་བཤད།

    རགས་བཀྲམ་ཤང་སམ་སམ་གྲོང་སྡེའི་ཡུལ་མི་ཚེ་བརྟན་གྱིས་གསར་འགོད་པ་ལ་ཁོ་རང་ནི1965ལོ་ནས1970ལོར་དར་མདོའི་ཡན་ལག་དམག་ཁུལ་རྟའུ་མདའ་ཤོག13པའི་བརྒྱ་ཤོག་དང་པོའི་བཅུ་དཔོན་ཡིན།1967ལོར་ཏང་ནང་དུ་ཞུགས་པ་དང་རོང་བྲག་གི་ཇག་འཇོམས་བྱེད་སྐབས་མདེའུ་ཡིས་མིག་རྨས་པ་རེད། ད་ལྟར་རྒས་དུས་ཉེ་འབྲེལ་མེད་པས་ང་རང་རྒན་གསོ་ཁང་དུ་སྡོད་བཅུག་ནས་ལྟོ་གོས་དང་ཤི་ཆོས་སྒྲུབ་མཁན་ཡོད་པས་ང་རང་བློ་བདེ་སོང་། ད་ལྟར་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་འདི་འདྲ་ཡོད་འདུག དབུལ་སྐྱོར་གནད་སྨིན་གྱི་ལས་ཀ་སྤེལ་ནས་ནད་ཕོག་ན་སྨན་རིན་སྤྲོད་མི་དགོས་པ་རེད། ལས་བྱེད་པས་མང་ཚོགས་ལ་ཐུགས་ཁུར་ཚད་མེད་བྱེད་པ་དང་། གསེར་ཐར་རྫོང་གི་གྲོང་ཁྱེར་ཡང་འདི་འདྲ་མཛེས་མོ་བསྐྲུན་འདུག ང་རང་གསོན་འཇིག་རྟེན་འདིར་སྡོད་ཚེར་འགྱུར་ལྡོག་ཆེན་པོ་འདི་འདྲ་མཐོང་ཐུབ་པར་དགའ་སྤྲོ་ཧ་ཅང་ཆེ་ཞེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:ཉག་རོང་རྫོང་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་བརྙན་འཕྲིན་ཅུས་ཀྱིས་གྲོང་བརྡལ་དུ་ཕྱིན་ནས་རིག་རྩལ་འཁྲབ་སྟོན་བྱས།།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་དམངས་གཉེར་ཁེ་ལས་གཉིས་ལ་ཞིང་ཆེན་གྱི་ཕུལ་བྱུང་དམངས་གཉེར་ཁེ་ལས་ཀྱི་མཚན་སྙན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།